R161: བཀའ་གདམས་རིན་པོ་ཆེའི་ཆོས་འབྱུང་རྣམ་ཐར་ཉིན་མོར་བྱེད་པའི་འོད་སྟོང་།

  • Pagination (Witness A): ༥ན
[A:༥ན] བྱས་ཏེ། ཐམས་ཅད་ཀྱང་ཁ་ཚར་མ་ཉམས་པ་རེ་རེེར་གྱུར་པ་རྨིས་པས། འོད་སྲུངས་ཀྱིས་མ་འོངས་པའི་དུས་སུ་ཤཱཀྱ་ཐུབ་པའི་བསྟན་པ་ལ་ཉན་ཐོས་སྡེ་པ་བཅུ་བཅོ་བརྒྱད་དུ་འགྱུར་བ་ནི། རས་ཡུག་གཅིག་དུམ་བུ་བཅུ་བཅོ་བརྒྱད་དུ་གྱུར་པའོ། ཐམས་ཅད་ཀྱང་ཁ་ཚར་མ་ཉམས་པ་ནི་སྡེ་པ་དེ་དག་རེ་རེའི་གྲུབ་མཐའ་ལ་བརྟེན་ནས་ཀྱང་རྣམ་གྲོལ་གྱི་འབྲས་བུ་ཐོབ་པར་ནུས་པའོ། ཞེས་མདོ་ལས་བཤད་དོ། འདི་དག་གི་ཁྱད་པར་ལ་རྩ་བའི་སྡེ་བཞི་ནི། ཕལ་ཆེན་པ། ཐམས་ཅད་ཡོད་པར་སྨྲ་བ། གནས་བརྟན་པ། མང་པོས་བཀུར་བ་རྣམས་ལེགས་སྦྱར་གྱི་སྐད་དང། རང་བཞིན་གྱི་སྐད་དང།་ཟུར་ཆག་གི་སྐད་དང། པི་ཤ་ཙིའི་སྐད་དུ་སོ་སོར་གནས་པ་ཡིན་ནོ། དེ་ལས་གྱེས་པ་བཅུ་བཅོ་བརྒྱད་ནི་དུལ་བའི་ལྷས། ཤར་དང་ནུབ་དང་གངས་རི་དང། འཇིག་རྟེན་འདས་པར་སྨྲ་བ་དང། རྟག་པར་སྨྲ་བའི་སྡེ་པ་རྣམས། ལྔ་ཚན་དགེ་འདུན་ཕལ་ཆེན་པ། གཞི་ཀུན་པ་དང་འོད་སྲུངས་སྟེ། ས་སྲུངས་སྡེ་དང་ཆོས་སྲུངས་སྡེ། མང་ཐོོས་གོས་དམར་སློབ་མ་དང། རྣམ་པར་ཕྱེ་སྟེ་སྨྲ་བའི་སྡེ། ཐམས་ཅད་ཡོད་པར་སྨྲ་བ་ཡིན། རྒྱལ་བྱེད་ཚལ་གནས་འཇིགས་མེད་གནས། གཙུག་ལག་ཁང་ཆེན་གནས་བརྟན་པ། ས་སྒྲོགས་རིས་དང་བསྲུང་བ་པ། གནས་མ་བུ་ཡི་སྡེ་རྣམས་ནི། ཀུན་གྱི་བཀུར་བ་རྣམས་ལ་གསུམ། ཡུན་དོན་སློབ་དཔོན་བྱེ་བྲག་གིས། ཐ་དད་རྣམ་པ་བཅུ་བཅོ་བརྒྱད་འགྱུར། ཞེས་གསུངས་པའི་དོན། ཕལ་ཆེན་པ་ལ། ཤར་དུ་གནས་པ། ནུབ་ཏུ་གནས་པ། གངས་རིར་གནས་པ། གསུམ་ནི་ཡུལ་གྱིས་ཕྱེ་བ་ཡིན་ལ། འཇིག་རྟེན་འདས་པར་སྨྲ་བ། རྟག་པར་སྨྲ་བ། གཉིས་ནི་དོན་གྱིས་ཕྱེ་བའི་སྡེ་པ་སྟེ་ལྔའོ། ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་ལ་