[A:༥༦ན] རྨིས་ཏེ། ཇོ་བོ་ཤེས་རབ་དབང་ཕྱུག་བྱ་བ་རྡོ་རྗེ་གདན་ལན་གསུམ་བསྐོར་པ་ཞིག་དང་ཞུ་ཐུག་བྱས་པས་གཅིག་པར་བྱུང། རྒྱ་གར་དུ་མི་ཐོན་པ་ལ་བལྟ་བར་འདུག། དེའི་དམ་བཅའ་མ་གྲུབ་པའི་སྡིག་སྦྱོངས་སུ་ངས་སཱ་ཚ་བསགས་ན་རི་དེའུ་ཙམ་འོང་བ་བཏབ་གསུང། ལོ་བདུན
ལོ་དགུ་ཡིན་
ཚུལ་བཞིན་དུ་བསྟེན་གཟིམས་གཡོག་མཛད། རྒྱུན་དུ་སྤྱན་སྔར་བཞུགས་པས་མཚན་ཡང་དེ་ལྟར་དུ་གྲགས། ཡོན་ཏན་ཐམས་ཅད་རྫོགས་པར་མཛད། དེ་དུས་སྟོན་པས་ཐེག་པ་ཆེན་པོ་གསྔགས་ལ་འོ་ཀོལ་ཕ་ཕད་གཉིས་ཙམ་ཡིན་གསུང་པའི་ཡོང་རྫོང་རྣལ་འབྱོར་པས་ཞུ་སྣ་མཛད་དེ་གསྔགས་ཀྱི་ཆོས་མང་པོ་སྐུ་མཆེད་གཞན་གཉིས་ལ་ཐུགས་རྒྱུས་མེད་པར་ཀློག་ཆོས་སུ་གནང་བས། ཡོང་རྫོང་རྣལ་འབྱོར་པ་དེ་ང་ལ་དྲིན་ཆེ་གསུང། སྟོན་པ་གཤེགས་ནས་ཟང་ཟིང་གི་བགོ་སྐལ་མེད་དེ། ཆོས་ཀྱི་བགོ་སྐལ་ངེད་གསུམ་གྱིས་ཐོབ་གསུང། དེ་ནས་ཇོ་བོའི་དངོས་སློབ་གྲགས་ཆེ་བ་རྣམས་ལ་བསྟེན་པའི་དམ་བཅའ་མཛད་དེ། རྣལ་འབྱོར། དགོན་པ་བ། ཤེས་རབ་རྡོ་རྗེ། ཕྱག་དར་སྟོན་པ་སོགས་དང། གསང་ཕུ་བ་རྔོག་ལེགས་ཤེ་ཡང་ཟླ་བ་བཅུ་བཅོ་བརྒྱད་བསྟེན། ར་སྒྲེང་དུ་ཟླ་བ་རེར་ནས་བྲེ་ལྔ་ལྔ་ལ་བརྟེན་ཏེ་སྒྲུབ་པ་མཛད་དུས་རང་ལ་རིགས་ཀྱི་བུ། དལ་འབྱོར་མི་ལུས་ཐོབ་པ་དྲན་ནམ་གསུང་ནས། རྣལ་བསངས་ཏེ་ཉིན་མཚན་གཡེལ་མེད་དུ་ཐུགས་དམ་མཛད་པས། རྣལ་འབྱོར་པའི་ཞལ་ནས། བུ་ཁམས་བག་རེ་གསེངས་གསུངས་པས། དལ་འབྱོར་རྙེད་པར་དཀའ་བ་འདི་བསམས་ན། སྐད་ཅིག་ཀྱང་གཡེལ་མ་ནུས་གསུང། སྐྱེ་རིམ་ལ་བརྟན་པ་ཐོབ་པས་རང་ལུས་མི་གཡོ་བའི་སྐུར་གཟིགས། མི་གཡོ་བའི་བསྙེན་པ་དུང་ཕྱུར་དགུ་སོང། སྤྱན་རས་གཟིགས་པདྨ་གར་དབང་དང། འཇམ་དཔལ་བརྟན་པའི་འཁོར་ལོ་ལ་སོགས་པ་ཞལ་གཟིགས། ཕ་བོང་ཐང་དུ་གླེན་ཀླུའི་བྱང་ཆུབ་དང་མཇལ། ཆོས་ཞུ་