[A:༦༩ན] གཙང་པ་རིན་པོ་ཆེ་བྱོན་ནས་གདན་ས་མཛད་དེ། བྱ་ཡུལ་དུ་སྤྲུལ་སྐུ་ཆེན་པོ་ཐེགས་ནས། དགེ་བཤེས་རྒྱ་སྤྲེའུ་ལོ་པ་གདན་ས་ལོ་ལྔ་མཛད། དྲུག་བཅུ་རྩ་བཞི་པ་རྟའི་ཟླ་བའི་ཉེར་བརྒྱད་ལ་བྱ་ཡུལ་དུ་ཐེགས། དེ་ནས་གནུབས་མཆོད་གནས་གཞོན་ནུ་རྒྱལ་མཚན་ཁྱི་ལོ་པ། གདན་ས་ལོ་ཉི་ཤུ་རྩ་བཞི་མཛད། ཀླུང་ཤོད་ཁྲ་བ་ཁའི་དགོན་བ་བཏབ། བརྒྱད་བཅུ་རྩ་
དྲུག་
པ་མངོན་བར་བྱང་ཆུབ་པའི་ཟླ་བའི་ཉེར་བརྒྱད་ལ་བྱ་ཡུལ་དུ་ཐེགས། དེ་ནས་ལོ་བརྒྱད་གདན་ས་བ་
མེད་པའི་རྗེས་ལ། ལོར་གཙང་པ་རིན་པོ་ཆེའི་རྗེས་ལ། རིན་པོ་ཆེ་གླང་ལུང་པ་བཞུགས་པ། མལ་གྲོ་མདར་སྟོན་མོའི་གྲལ་དབུ་ནས་བྱ་ཡུལ་དུ་གདན་དྲངས། དེ་ནས་ལོ་བྱ་ཡུལ་གྱི་གདན་ས་སྦྲེལ་བའི་སྲོལ་བྱུང་ངོ་། གཙང་པ་རིན་པོ་ཆེ་ནི། འཁྲུངས་ཡུལ་གཙང་གི་གནུབས་ཡུལ་རོང། གདུང་རུས་གནུབས། ཡབ་གནུབས་ཨ་ལ་ལ། ཡུམ་རལ་རྒྱགས་བཟའ་ལྕམ་གྱི་སྲས་སུ་མེ་ཕོ་འབྲུག་ལ་འཁྲུངས། མཚན་ནམ་མཁའ་རྡོ་རྗེར་བཏགས། དཔེ་ཁ་གཅིག་ཏུ་རྡོ་རྗེ་རྒྱལ་མཚན་ཡང་ཟེར། རྟེན་ཚངས་སྤྱོད་ཀྱི་དགེ་བསྙེན་མཛད། གཞོན་ནུའི་དུས་ནས་ཆོས་ཐམས་ཅད་རྨི་ལམ་སྒྱུ་མིའི་ཉམས་དང་། མཁའ་འགྲོ་མ་མང་པོའི་ཞལ་གཟིགས། དེ་ནས་གཉན་ལོ་ཙཱ་བ་རྒྱ་གར་ནས་བྱོན་པ་དང་མཇལ་ཏེ། མདོ་སྔགས་ཀྱི་ཐོས་པ་རྒྱ་ཆེན་དང། ཁྱད་པར་སྔགས་ལ་མཁས་པར་སྦྱངས། བོད་ཀྱི་མཁས་པ་མང་པོ་ལ་ངས་ཐུག ད་རྒྱ་གར་དུ་འགྲོ་དགོངས་ཏེ། དིང་རིར་དམ་པ་མཇལ་དུ་བྱོན་པས། ཆོས་མི་གསུང་བར་བརྡ་ཆོས་བཞི་མཛད་པའི་གཅིག། རྡོ་དཀར་པོ་ཤར་ཕྱོགས་སུ་འཕངས་སོང་བ་དམ་པ་ཀུན་དགའ་ལ་དྲིས་པས། ཁྱོད་ཀྱི་ཡོངས་འཛིན་ཤར་ན་ཡོད་ཟེར་བའི་བརྡ་ཡིན་ཟེར་བས། ལྷ་སར་ཇོ་བོ་མཇལ་བ་དང། ཡེར་པར་སྒྲུབ་