R161: བཀའ་གདམས་རིན་པོ་ཆེའི་ཆོས་འབྱུང་རྣམ་ཐར་ཉིན་མོར་བྱེད་པའི་འོད་སྟོང་།

  • Pagination (Witness A): ༧༠བ
[A:༧༠བ] དུ་ལོ་དྲུག་སྐུ་མཚམས་མཛད། སོ་བརྒྱད་པ་ལ་ར་མོ་ཆེར་མཁན་པོ་སྦལ་ཏི་ལ་བསྙེན་རྫོགས་ཞུས། འདུལ་བ་མཁས་པར་བསླབ། ལོར་བྱོན་ནས། ཞེ་བཞི་ལ་ལོ་བྱ་ཡུལ་གྱི་གདན་སར་བྱོན། གླང་ལོ་བར་བདུན་བཅུ་བཞུགས། ཟླ་བ་བཞི་པའི་ཚེས་བཞི་ལ་ལོར་ཐེགས། དེ་ནས་གཙང་པ་ཇོ་སྲས་ཀྱིས་ལོ་དགུ་གདན་ས་མཛད། ལོའི་དབུ་རྩེ་གསར་མ་བཞེངས། ཟེམ་རིན་པོ་ཆེ་ནི། ཡུལ་ཧམ་མདོའི་དེའུ་གོང་བྱ་བར་ཕག་ལོ་ལ། ཡབ་པ་ཡགས་རྩེ་མོའི་སྲས་སུ་འཁྲུངས། ལོ་བཅུ་བདུན་པ་ལ་ལོར་སངས་རྒྱས་སྒོམ་པའི་སྤྱན་སྔར་བྱོན་པས། སྔོན་ལ་དྲོ་པར་སོང་གསུང་ནས་རྣལ་འབྱོར་བྱང་སེང་ལ་རབ་བྱུང་ཞུས། མཚན་གྲགས་པ་སེང་གེར་བཏགས། འདུལ་བ་དང། ཇོ་བོ་ནས་བརྒྱུད་པའི་ཆོས་མང་དུ་གསན། ལོ་ལྔ་བཞུགས། ཡར་ལམ་རིན་ཆེན་སྒང་དུ་སངས་རྒྱས་དབོན་ལ་ཆོས་ཞུས། དེ་ནས་ཧམ་མདོར་ལོ་བཞི་སྒྲུབ་པ་མཛད་པས། སངས་རྒྱས་པདྨ་གར་དབང་དང་ཞལ་མཇལ། དེ་ནས་ལོ་བྱ་ཡུལ་དུ་སངས་རྒྱས་སྒོམ་པ་ལ་ཚོགས་ཆོས། ཀློག་ཆོས་ཐམས་ཅད་རྫོགས་པར་མཛད། ཐུགས་དམ་བུམ་པ་དབུ་ཐོག་ཏུ་གཞག་པས་ཏིང་ངེ་འཛིན་ཁྱད་པར་ཅན་འཁྲུངས། ར་སྒྲེང་དུ་བྱོན་དུས་ཇོ་བོ་འཇམ་དཔལ་རྡོ་རྗེས་ཆོས་གསུངས། ལོ་བྱ་ཡུལ་གྱི་གདན་ས་ལོ་བཅུ་བཅོ་བརྒྱད་མཛད། དྲུག་བཅུ་རྩ་དྲུག་པ་འབྲུག་ལོ་ཟླ་བ་གཉིས་པའི་ཚེས་ཉི་ཤུ་ལ་གླང་ལུང་དུ་ཐེགས། འདི་ལ་སློབ་མའི་མཆོག་བཟང་པོ་དྲུག་ཏུ་གྲགས་པའི་རེ་མེར་བ་ཆེན་པོས་ལྷོ་རི་མེར་གྱི་དགོན་པ་བཏབ། འོད་གསལ་སྒང་པ་ནི། འཁྲུངས་ཡུལ་འོན་བྲ་མ་ཐང། དོན་སྟེངས་པ་ལ་རབ་བྱུང་ཞུས། དྲོ་སར་རྣལ་འབྱོར་བྱ་སེང་ལ་འདུལ་བ་སོགས་བསླབས། ཕར་འབྱོན་པར་ཆས་པ་ལ། སྙ་རེ་སྨན་རྩར་ཟེམ་ཕེབས་པ་དང་མཇལ་བས། མི་ཕྱེད་