R161: བཀའ་གདམས་རིན་པོ་ཆེའི་ཆོས་འབྱུང་རྣམ་ཐར་ཉིན་མོར་བྱེད་པའི་འོད་སྟོང་།

  • Pagination (Witness A): ༧༡ན
[A:༧༡ན] པའི་དད་པ་སྐྱེས། ལོ་དགུ་བསྟེན། འདིས་ཞོགས་ཀྱི་འོད་གསལ་དགོན་པ་བཏབ་སོ་བོ་། གཞན་ཡང་དུམ་བུ་རི་པ་ཆེན་པོའི་དབོན་པོ་ཟླ་བ་གྲགས་པ། སྨད་ཀྱི་བྱང་ཆུབ་སེམས་དཔའ་ཟླ་བ་རྒྱལ་མཚན། འདིས་དུམ་རིའི་དགོན་པ་བཏབ་ དགས་དྭགས་པོ་སྤྱི་ཐེར་བ། འབྲི་སྒངས་
སངས་རྒྱས་ལྷ་སྟོན་
པ། ཆོས་རྒྱལ་ཁམ་པ་ལུང་པ་རྣམས་བྱོན། ཁམ་པ་ལུང་པ་ནི། འཁྲུངས་ཡུལ་ཉན་ཀ་ཀ་པ། གདུང་རུས་དབས། ཡབ་རྣལ་འབྱོར་མགོན་པོའི་སྲས་སུ་འབྲུག་ལོ་ལ་འཁྲུངས། བྱིས་པ་ནས་ཟེམ་རིན་པོ་ཆེ་ལོར་ཡར་འབྱོན་མར་འབྱོན་མཛད་པ་དང་མཇལ་རེས་ཀྱིས་སེམས་ཕྲོགས་པ་བཞིན་བྱུང། ལོ་བཅུ་གཉིས་ལ་ཟེམ་བྱ་ཡུལ་དུ་བཞུགས་པ་ལ་རབ་བྱུང་ཞུས། མཚན་རིན་ཆེན་སེང་གེར་བཏགས། དེ་ནས་ཕྱགས་ཕྱིར་ལོ་བདུན་བཞུགས། ཚོགས་ཆོས་རྣམས་རྫོགས་པར་གསན། ཟེམ་གྱི་ཞལ་ནས་ཁྱེད་ངའི་ཡོན་ཏན་འདི་རྣམས་རྩད་ཆོད། བསྙེན་རྫོགས་གྱིས་གསུང་བས། ཟེམ་ལམ་དགོན་དུ་ཕེབས་པ་ལ་སྐྱོར་མོ་ལུང་གི་མཁན་པོ་ཞིག་པོ་བྱ་བ་མཇལ་དུ་བྱོན་དུས་བསྙེན་རྫོགས་མཛད། འདུལ་བ་ཡང་གསན།་དེ་ནས་ཟེམ་ལ་ཀློག་ཆོས་རྣམས་ཞུས་མ་འོངས་པ་ན་འདི་ལྟར་གྱིས་ཀྱི་བསླབ་བྱ་མང་པོ་རྣམས་མཛད་དེ། ཟེམ་གཤེགས་ནས། རི་མེར་བ་གདན་སར་སྤྱན་དྲངས་ཀྱང། ཁྱོད་རང་གི་ཕ་གི་ན་འོས་པ་ཅིག་ཆོས་སྐྱོང་གིས་བདག་ཏུ་བཟུང་འདུག་གསུང་ནས། ལུང་བསྟན་མཛད་དེ་ས་བྱོན། ཁོང་ཡུང་བའི་ཁམས་ལུང་དུ་བྲོས་ཏེ་དེ་ནས་སྤྱན་དྲངས་པས། མཚན་ཀྱང་དེ་ལྟར་གྲགས། ཉི་ཤུ་རྩ་ལྔ་པ་ལ་གདན་སར་བསྐོས། ལོ་ཉི་ཤུ་རྩ་བདུན་མཛད། ལོའི་མཆོད་ཁང་གི་ཁྱམས་སྨད་གླིང་རྒྱ་བཀྱེད་པ། གསེར་ཐོག་སོགས་བཀའ་དྲིན་ཆེ་ཞིང། ལྔ་བཅུ་རྩ་གཅིག་པ་རྟ་ལོ་ཟླ་བ་གཉིས་པའི་ཉེར་ལྔ་ལ་ཀ་ཕུག་ཏུ་ཐེགས། ཡར་ལུངས་ཇོ་བོའི་ཆོས་འབྱུང་དུ་འདིའི་དུས་སུ་བཀའ་