R161: བཀའ་གདམས་རིན་པོ་ཆེའི་ཆོས་འབྱུང་རྣམ་ཐར་ཉིན་མོར་བྱེད་པའི་འོད་སྟོང་།

  • Pagination (Witness A): ༧༡བ
[A:༧༡བ]གདམས་ཀྱི་བཤེས་གཉེན་གྲགས་ཆེ་བ་ཐུས་ཆེན་བརྒྱད་དུ་གྲགས་པ་བྱུང་ཟེར་རོ། སངས་རྒྱས་ཇོ་བོ་ནི། འཁྲུངས་ཡུལ་རྒྱ་ས་སྒང། ཡབ་ལྷའི་བརྒྱུད་པ་ཇོ་བོ་བསོད་ནམས་མགོན་གྱི་སྲས་སུ་སྦྲུལ་ལོ་འཁྲུངས། གཞོན་ནུ་ནས་སངས་རྒྱས་སྒོམ་པ་ཤར་ཕྱོགས་དང་བའི་འོད་ཀྱི་འཇིག་རྟེན་ན་བཞུགས་ཟེར་བའི་དབྱངས་འཐེན་པ་གསན་པས། མཚན་ཐོས་པ་ཙམ་གྱིས་དད་གུས་སྐྱེས། ལོ་བཅུ་གཉིས་ལ་ཟེམ་གླང་
ལུང་
དུ་བཞུགས་པ་ལ་རབ་བྱུང་ཞུས། མཚན་དབང་ཕྱུག་གཞོན་ནུར་བཏགས། ཉི་ཤུ་རྩ་གཉིས་པ་ལ་ཟེམ་ལ་མཁན་པོ་ཞུས་ཏེ་བསྙེན་པར་རྫོགས། བཀའ་གདམས་ཀྱི་ཆོས་ལ་སོགས་པ་མང་དུ་གསན་སྦྱོང་མཛད། ལྔ་བཅུ་རྩ་གཉིས་ལ་ལམ་དགོན་གྱི་གདན་སར་བྱོན། ལོ་དགུ་མཛད། དྲུག་བཅུ་ལ་ལོ་བྱ་ཡུལ་གྱི་གདན་སར་བྱོན་པའི་དུས་མངོན་ཤེས་མང་དུ་གསུངས། བྱ་ཡུལ་གྱི་གཙུག་ལག་ཁང་དང། གླིང་
གི་
ཞིག་གསོས་སོགས་མཛད་དེ། བཀའ་དྲིན་ལྷག་པར་ཆེ་ཞིང། བླ་མ་ཡི་དམ་ཆོས་སྐྱོང་མང་པོ་ཞལ་གཟིགས། གདན་ས་ལོ་བཅུ་བཅོ་བརྒྱད་མཛད། བདུན་བཅུ་དོན་གསུམ་པ་བྱ་ལོ་དབྱུག་གུ་ཟླ་བའི་ཚེས་བཅུ་བར་དུ་བཞུགས། སངས་རྒྱས་སྟོན་པ་ནི། འཁྲུངས་ཡུལ་ལྷོ་བྲག་གླ་ཤུལ་སྒོ། ཡབ་སུམ་པ་བཀྲ་ཤིས་ཀྱི་སྲས་སུ་བྱི་བ་ལོ་ལ་འཁྲུངས། ལོ་བཅུ་བཞི་ལ་ཁམས་པ་ལུང་པའི་དྲུང་དུ་རབ་བྱུང་ཞུས། མཚན་ཚུལ་ཁྲིམས་སེང་གེར་བཏགས། ཉི་ཤུ་ལ་མཁན་པོ་དགེ་ཡེ་བ་ལ་བསྙེན་པར་རྫོགས། འདུལ་བ་མཁས་པར་མཁྱེན། དེ་ནས་ལོ་བྱ་ཡུལ་གྱི་ཆོས་སྐྱོང་རྣམས་ཀྱིས་བསུ་བ་བྱས་པའི་སྣང་བ་དང་དུས་མཚུངས་པར་སངས་རྒྱས་ཇོ་བོས་ཤོག་གསུང་སྟེ། བྱ་ཡུལ་སྟེང་ཁང་དུ་བསྐོས། ཇོ་བོ་ཆེན་པོ་ཞལ་གཟིགས། དེ་ནས་གདན་སར་བྱོན་ཏེ་ལོ་བཅུ་དྲུག་མཛད། ལོ་བྱ་ཡུལ་དུ་ཆོས་ཁྲིམས་ཤིན་དུ་དམ་པ་དང་