[A:༧༢ན] བཀའ་གདམས་ཀྱི་སྲོལ་བཟང་པོ་གཙུགས། གླང་ལོ་བར་དྲུག་བཅུ་རྩ་གཉིས་བཞུགས། སངས་རྒྱས་སྒོམ་པ་གསར་མ་ནི། འཁྲུངས་ཡུལ་ལོ་རོ་གླ་ཤུལ། ཡབ་སུམ་པ་བརྒྱད་སྟོང་དཔལ་གྱི་སྲས་སུ་འབྲུག་ལོ་ལ་འཁྲུངས། གཞོན་ནུའི་དུས་མཚོ་སྣ་པ་ལ་དགེ་ཚུལ་ཞུས། མཚན་ཚུལ་ཁྲིམས་ཤེས་རབ་ཏུ་བཏགས། དེ་ནས་བྱ་ཡུལ་དུ་བྱོན་ནས་སངས་རྒྱས་ཇོ་བོ་དང། སྟོན་པ་ལ་བསྙེན་རྫོགས་ཞུས། བཀའ་གདམས་ཀྱི་ཆོས་རྫོགས་པར་གསན། ཁྱད་པར་དུ་སངས་རྒྱས་སྟོན་པ་ལ་སྔགས་ཀྱི་རྫོགས་རིམ་གསན་པས། འོད་གསལ་གྱི་རྟོགས་པ་འཁྲུངས། དེ་ནས་ལམ་དགོན་གྱི་གདན་ས་ལོ་གསུམ་མཛད་དུས། ཐུགས་སྐྱོ་བ་ཅུང་ཟད་སྐྱེས་ཏེ་ཤམ་པོ་གངས་ལ་བཞུགས་པ། ལོ་བྱ་ཡུལ་གྱི་གདན་སར་སྤྱན་དྲངས། ལོ་བཅུ་གསུམ་གདན་ས་མཛད། ང་ལྔ་པ་སྟག་ལོ་བྲེ་ཕུལ་ཟླ་བའི་ཚེས་བཞི་ལ་བྱ་ཡུལ་དུ་ཐེགས། སངས་རྒྱས་དབོན་པོ་གཞོན་ནུ་སྨོན་ལམ། དགས་དྭགས་པོར་སྤྲེའུ་ལོ་ལ་འཁྲུངས། དགས་དྭགས་པོ་སྤྱི་ཐེར་གྱི་དབོན་པོར་གྲགས། རྒྱལ་སྟེང་གི་གདན་ས་ལོ་མང་རབ་དང། དེ་ནས་གདན་ས་གོང་ལོ་གསུམ་མཛད། བདུན་བཅུ་རྩ་གཉིས་པ་ལུག་ལོ་ཟླ་བ་གཉིས་པའི་ཚེས་བརྒྱད་ལ་ལོར་ཐེགས། རིན་པོ་ཆེ་བཅུ་བཞི་པ། ཀླུངས་ཤོད་ཤོ་ནག་ཐང་བྱ་བར་ཡབ་སེང་གེའི་སྲས་སུ་ཡོས་ལ་འཁྲུངས། གདུང་རུས་རྩི། ལོ་བཅུ་བཅོ་
ལྔ་
ལ་ལུག་རྒྱུར་སངས་རྒྱས་ཇོ་བོ་ལ་རབ་ཏུ་བྱུང། མཚན་ཚུལ་ཁྲིམས་མགོན་པོར་བཏགས། ལོ་བཞི་བསྟེན། ཚོགས་ཆོས་རྫོགས་པར་གསན། བཅུ་དགུ་ལ་བྲག་གསབ་ཏུ་བསྙེན་རྫོགས་མཛད། དེ་ནས་སྐྱོར་མོ་ལུང་དང། ཐང་སག་ཏུ་འདུལ་བ་དང་དབུ་མ་མཁས་པར་སྦྱངས། སངས་རྒྱས་སྟོན་པ་ལོ་བཅུ་གཉིས་བསྟེན། ལྐོག་ཆོས་རྫོགས་པར་གསན། ཡི་དམ་ཞལ་གཟིགས་པ་