R161: བཀའ་གདམས་རིན་པོ་ཆེའི་ཆོས་འབྱུང་རྣམ་ཐར་ཉིན་མོར་བྱེད་པའི་འོད་སྟོང་།

  • Pagination (Witness A): ༧༣བ
[A:༧༣བ] གྲུབ་དར། ཡུམ་སོག་མོ་རྡོ་རྗེ་སྒྲོན་གྱི་སྲས་སུ་ཤིང་ཕོ་སྟག་ལ་ལྕས་པར་འཁྲུངས། དགུང་ལོ་བཅུ་གསུམ་ལ་གུག་རྫོང་དུ་སློབ་དཔོན་ཚུལ་རྒྱལ་བ་ལ་རབ་ཏུ་བྱུང། མཚན་ཚུལ་ཁྲིམས་དར་དུ་བཏགས། ཉི་ཤུ་རྩ་ལྔ་
ལ་
རིན་པོ་ཆེ་ཆོས་ཀྱི་རྡོ་རྗེའི་དྲུང་དུ་བསྙེན་པར་རྫོགས། སྐྱུར་མོ་ལུང་དུ་སློབ་དཔོན་བསམ་གཏན་དོན་གྲུབ་དང། དྲོ་སར་དམར་སྟོན་དབུ་མ་པ་སོགས་ལ་འདུལ་བའི་སྡེ་སྣོད་མཐའ་དག་ལ་མཁས་པར་སྦྱངས། མཁན་ཆེན་སངས་རྒྱས་དཔལ་བ་དང། ཆོས་རྗེ་ཐམས་ཅད་མཁྱེན་པ་སོགས་ལས། ཤེར་ཕྱོགས་དང་བྱམས་ཆོས་མཐའ་དག་ཐུགས་སུ་ཆུད་པར་མཛད། ཐང་སག་ཏུ་ཟླ་གྲགས་གསར་མ་དང། སློབ་དཔོན་ཚུལ་དཔལ་པ་ལ་དབུ་མའི་གཞུང་ཆེ་ཆུང་མཐའ་དག་གསན། རིན་པོ་ཆེ་རིན་ཆེན་རྒྱལ་མཚན་པ་སོགས་བླ་མ་ལྔའི་དྲུང་དུ་བཀའ་གདམས་ཀྱི་ཆོས་སྐོར་རྣམས་དང། ཆོས་རྗེ་ཀུན་བཀྲས་པ་སོགས་ལ། ས་ལུགས་ཀྱི་ཆོས་སྐོར་དང། ཞ་ལུ་གྲགས་པ་རྒྱལ་མཚན་པ་ལ་བུ་ལུགས་ཀྱི་ཆོས་སྐོར་དང། གདན་ས་ཐེལ་དུ་ཆོས་རྗེ་བསོད་ནམས་རྒྱལ་མཚན་པ་ལ་ཕྱག་རྒྱ་བའི་ཆོས་སྐོར་དང། རྟོགས་ལྡན་སྔོ་ཉལ་མ་དང། དྲུང་རིན་རྒྱལ་བ་ལ་དུས་འཁོར་
རྒྱུད་འགྲེལ་
སོགས་ལ་མཁས་པར་མཛད། མདོར་ན་མཁས་གྲུབ་ཀྱི་བླ་མ་སུམ་བཅུ་ཙམ་བསྟེན་ཏེ། བདེ་བར་གཤེགས་པའི་གསུང་རབ་མཐའ་དག་གི་ཚིག་དོན་ལ་མངའ་བརྙེས་པར་མཛད་དེ། མཁས་པའི་གྲགས་པས་ཕྱོགས་ཀུན་དུ་ཁྱབ། འཆད་ཉན་སོགས་གཞན་ཕན་རྒྱ་ཆེར་མཛད་དེ། སློབ་མའི་མཆོག་ཆོས་རྗེ་དགེ་བ་རྒྱལ་མཚན། བཟད་པ་བློ་རྒྱམ། བཟད་པ་པདྨ་བཟང་པོ། ཆོས་རྗེ་བློ་བརྟན་པ། ཁམས་སུ་ལྷ་འབྲི་སྟོན་པ་སོགས་མང་དུ་བྱོན། ཤེར་ཕྱོགས་གསུང་བའི་ཚེ་མེ་ཏོག་གི་ཆར་འབབ་པ་ཡི་དམ་དང་ཆོས་