[A:༧༧ན] དགོན་པ་བཏབ་སྟེ། ཕྱིས་སྤོས་པ་གྲབ་ཀྱི་གསས་ཁང་ཡིན་ནོ། སངས་རྒྱས་དབོན་གྱི་བརྒྱུད་པ་གདན་སར་བྱོན་པ་རྣམས་ནི། གཅེན་པོ་ཡོན་བདག་ཡ་པོ་ལ་སྲས་བཞི་བྱུང་བའི་ཆེ་བ་སློབ་དཔོན་སྟོན་པ། བླ་མ་སང་ཡོན། སྨོན་ལམ་སེང་གེ། བདེ་གཤེགས་ཆེན་པོའོ། བླ་མ་སང་ཡོན་གླང་ལོ་པ་པོ་གཅིག་པ་ལུག་གི་ལོ་ལ་གདན་སར་བྱོན། མཆོད་ཁང་གློ་འབུར་ནུབ་མ་དང་གདུལ་གདུང་སོགས་བཞེངས། སྤྲུལ་བསྒྱུར་ནུས་པས་ཉིན་གཅིག་ལ་སྤྲུལ་པ་གསུམ་བསྟན་པར་གྲགས། གདན་ས་ལོ་སུམ་བཅུ་རྩ་གཉིས་མཛད། རེ་གཉིས་པ་སྟག་ལོའི་བར་བཞུགས། དེ་ནས་གཅུང་པོ་བདེ་གཤེགས་གཞོན་ནུ་སེང་གེ་ཁྱི་ལོ་པ། ཞེ་གཅིག་པ་སྟག་གི་ལོ་ལ་གདན་སར་བྱོན། ལོ་ཉི་ཤུ་རྩ་ལྔ་མཛད། རེ་ལྔ་པ་སྟག་ལོ་ལ་ཐེགས། དེ་ནས་སྨོན་ལམ་སེང་གེའི་སྲས་སྐམ་དགོན་པ་གཞོན་ནུ་འབུམ་གྱིས་གདན་ས་ཟླ་བ་བཅུ་བཅོ་བརྒྱད་མཛད་དེ། རང་ལོ་ང་གཅིག་པ་ལ་ཐེགས། དེ་ནས་སངས་རྒྱས་འོད་འབྱུང་གིས་གདན་སར་འབྲུག་ལ་བྱོན་ཏེ་ལོ་ཉི་ཤུ་རྩ་བཞི་མཛད། གཙུག་ལག་ཁང་ལ་གསེར་ཐོག་བཀལ། རང་ལོ་དྲུག་བཅུ་རྩ་གཅིག་ལ་ཐེགས། དེ་ནས་སངས་རྒྱས་གཞོན་འོད་ཀྱིས་རང་ལོ་ཉེར་བཞི་པ་ལ་གདན་སར་བྱོན་ཏེ་ལོ་བཞི་བཅུ་བཞུགས། ལོ་དྲུག་བཅུ་རྩ་བཞི་པ་ལ་ཐེགས། དེ་ནས་མཁས་བཙུན་རྒྱ་མ་པ་བཀྲ་ཤིས་རྒྱལ་མཚན་གྱིས་རང་ལོ་ཞེ་གསུམ་པ་ལ་གདན་སར་བྱོན་ཏེ་ལོ་བཅུ་དགུ་བཞུགས་ནས་དྲུག་བཅུ་རྩ་གཉིས་ལ་ཐེགས། སློབ་དཔོན་ཀུན་བཟང་དང། སློབ་དཔོན་གཞོན་ནུ་སེང་གེ་གཉིས་ཀྱི་སྐབས་གདན་ས་ལོ་དྲུག་སྟོངས་ནས་སྐག་རྩུབ་མང་ཡང་ཁོང་རང་
རྣམ་
གཉིས་ཀྱིས་གདན་ས་ལོ་གཉིས་གཉིས་མཛད། དེ་ནས་སྤྱན་སྔ་བསོད་ནམས་རྒྱལ་མཚན་གྱིས་གདན་ས་