R161: བཀའ་གདམས་རིན་པོ་ཆེའི་ཆོས་འབྱུང་རྣམ་ཐར་ཉིན་མོར་བྱེད་པའི་འོད་སྟོང་།

  • Pagination (Witness A): ༧༨ན
[A:༧༨ན] མངོན་པར་ཤེས་པ་རྒྱ་ཆེན་པོ་མངའ་ཞིང། དགོན་པ་བ་དང། སྐུ་མཆེད་གསུམ་གྱི་གསུང་ཕྱོགས་གཅིག་ཏུ་བསྒྲིགས་པའི་བསྟན་རིམ་མཛད། རང་ལོ་བདུན་བཅུ་རྩ་བདུན་པ་ས་ཁྱི་རྟའི་ཟླ་བའི་ཉེར་དགུ་ལ་ཐེགས། གདུང་བཞུ་བས་རིང་བསྲེལ་དཔག་ཏུ་མེད་པ་དང། ལྷའི་སྤོས་ཀྱི་དྲི་སྣེའུ་ཟུར་གྱི་གནས་ཐམས་ཅད་ཁྱབ་པ་སོགས་རྣམ་ཐར་དུ་གསལ་ལོ། སློབ་མ་བདུན་བརྒྱ་ཙམ་བྱུང་བའི་ནང་ནས་གྲགས་ཆེ་བ་བཞི་ནི། ལྷ་བཀའ་གདམས་པ་ཐག་མ་བ་ཆེན་པོ། བྱང་སེམས་ཟླ་བ་རྒྱལ་མཚན། གུན་པ་ལྷ་རྗེ་ཐུགས་རྗེ་རྒྱལ་མཚན་རྣམས་དང། གཞན་ཡང་དགྱེར་སྒོམ་ཆེན་པོ། གཙང་ནས་གྲང་པོ་ལུང་པ་ཞེས་འཕགས་པ་དོན་ཞགས་དང་བཅུ་གཅིག་ཞལ་གྱི་ཆོས་བདག་ཏུ་བྱེད་པ་དང། སྤྱི་བོ་ལྷས་པ་བྱང་ཆུབ་འོད་ཅེས་གྲགས་པ་རྣམས་སོ། འདི་རྣམས་བཀའ་གདམས་གདམ་ངག་པ་གཙོ་བོར་བྱེད་པ་ཡིན་ནོ། སྤྱི་བོ་ལྷས་པ་ལ་ཆོས་ཀྱི་རྗེ་ས་སྐྱ་པཎྜི་ཏས་རབ་བྱུང་བསྙེན་རྫོགས་ཀྱི་སློབ་དཔོན་ཞུས། བཀའ་གདམས་གཞུང་གདམ་ངག་གི་ཆོས་རྣམས་གསན་པར་རྣམ་ཐར་ངོ་མཚར་སྣང་བ་ལས་གསུངས་སོ། ཐག་མ་བའི་སློབ་མ་ནམ་མཁའ་སེང་གེ་ཡང་སྟོད་ལུངས་ཐག་མར་བྱོན། དེ་ནས་ནམ་མཁའ་རྒྱལ་པོ། སེང་གེ་བཟང་པོ། རྒྱལ་སྲས་བཟང་པོ། གསང་བའི་བདག་པོས་བྱིན་གྱིས་བརླབས་པ་ནམ་མཁའ་རྒྱལ་མཚན་དང་བཞི་ནི་ལྷོ་བྲག་ཐིག་ཕྱིར་བྱོན་ནོ། ཡང་བཀའ་གདམས་གཞུང་པའི་བརྒྱུད་པ་སེ་སྤྱིལ་ཕུ་བ་ཡན་སྔར་བཞིན་ལ། དེ་ནས་ལྷ་ལུང་གི་དབང་ཕྱུག་དང། ལྷ་འགྲོ་མགོན་གྱི་སློབ་ཟངས་ཆེན་པ་དར་མ་བསོད་ནམས། དེའི་སློབ་མ་མཚོ་སྣ་པ་ཆེན་པོ་ཤེས་རབ་བཟང་པོ། དེའི་སློབ་མ་མོན་གྲབ་པ་ཚུལ་ཁྲིམས་བཀྲ་ཤིས། དེའི་སློབ་མ་མཁེན་ཆོས་སྐྱབ་བཟང་པོ་ཡང་གདམ་ངག་