R161: བཀའ་གདམས་རིན་པོ་ཆེའི་ཆོས་འབྱུང་རྣམ་ཐར་ཉིན་མོར་བྱེད་པའི་འོད་སྟོང་།

  • Pagination (Witness A): ༧༨བ
[A:༧༨བ] པ་ནས་བརྒྱུད་པ་སངས་རྒྱས་དབོན་སྟོན་ཡན་སྔར་བཞིན་ལ། དེ་ནས་ནམ་མཁའ་རྒྱལ་པོ་མན་སྔར་དང་འདྲའོ། མཁན་ཆེན་ཆོས་སྐྱབས་བཟང་པོ་དང། གསང་བདག་ནམ་མཁའ་རྒྱལ་མཚན་གྱི་དྲུང་དུ་རྗེ་ཐམས་ཅད་མཁྱེན་པ་བློ་བཟང་གྲགས་པས་བཀའ་གདམས་གཞུང་གདམ་ངག་གི་ཆོས་རྣམས་གསན་ནས། གྲོ་ལུང་པའི་བསྟན་རིམ་ལ་གཞི་མཛད་དེ། བྱང་ཆུབ་ལམ་སྒྲོན་གྱི་དོན་འགྲེལ་ལམ་རིམ་ཆེ་ཆུང་མཛད་དོ། དེ་ཡང་བཀའ་གདམས་གཞུང་གདམ་ངག་གི་ཁྱད་པར་མི་འདྲ་བ་ཅུང་ཟད་འདུག་ཀྱང་
བཀའ་
གདམས་གཞུང་དྲུག་སོགས་གཞུང་བཤད་གཙོ་བོར་བྱེད་ཅིང། སྐྱེས་བུ་གསུམ་གྱི་ལམ་རིམ་ལྐོག་ཆོས་སུ་སྟོན་པ་གཞུང་པ་དང་ལམ་བསྟན་རིམ་སོགས་སྐྱེས་བུ་གསུམ་གྱི་གདམ་ངག་གཙོ་བོར་སྟོན་ཅིང། གཞུང་རྒྱབ་ཆོས་སུ་བྱེད་པ་གདམ་ངག་པར་བྱེད་པ་ལེགས་སོ། ཨ་ཏི་ཤའི་སྲས་ཀྱི་ཐུ་བོ་གཉིས་པ་རྔོག་ལོ་ཙཱ་བའི་བཤད་བརྒྱུད་འཛིན་པ་ནི། གངས་ཅན་གྱི་ལྗོངས་འདིར་བསྟན་པ་སྤྱི་ལ་བཀའ་དྲིན་ཆེ་བས། དེའི་བྱོན་ཚུལ་སྔོན་གྱི་ཡི་གེ་ལས། ཁ་བ་ཅན་གྱི་ལྗོངས་འབྲོག་མཚོ་དང་ཉེ་བའི་སར། སྔགས་རྙིང་མ་བའི་དགེ་བཤེས་རྡོ་རྗེ་གཞོན་ནུ་བྱ་བ་ལ་སྲས་ལྔ་ཡོད་པའི་ཆེ་ཤོས་རྔོག་ལེགས་པའི་ཤེས་རབ་ཀྱིས། སྤྱིར་ཇོ་བོ་ཆེན་པོ་ལོ་བཅུ་བསྟེན་ཅིང། ཕྱགས་ཕྱིར་བྱོན་པའི་དུས་སུ་གསང་ཕུ་ལ་ཕྱག་འཛུབ་གཙུགས་བཙུགས་ཏེ། ལུང་པ་ཡ་གེའི་ནང་ན་དུང་གཡས་སུ་འཁྱིལ་བ་འདྲ་བ་ཡོད། དེར་ལེགས་ཤེ་ཁྱོད་ཀྱིས་གཙུག་ལག་ཁང་ཐོབ་ལ་བཤད་ཉན་གྱིས། བསྟན་པ་ལ་ཕན་པར་འགྱུར་ཞེས་ལུང་བསྟན་པས། གསང་ཕུ་ནེའུ་ཐོག་གི་ས་ཆ་གཟིགས་ཏེ། བླ་མས་ལུང་བསྟན་པའི་གནས་དེ་ཡིན་པར་མཁྱེན་ནས། གསང་ཕུ་ནེའུ་ཐོག་གི་གཙུག་ལག་ཁང་བཞེངས། བསྟན་པའི་