R161: བཀའ་གདམས་རིན་པོ་ཆེའི་ཆོས་འབྱུང་རྣམ་ཐར་ཉིན་མོར་བྱེད་པའི་འོད་སྟོང་།

  • Pagination (Witness A): ༧༩བ
[A:༧༩བ] བདུན་འགྲོ་དོན་མཛད། རྒྱས་པར་གྲོ་ལུང་པས་མཛད་པའི་རྣམ་ཐར་དུ་ཤེས་སོ། དེའི་ཐུགས་སྲས་ཞང་ཚེས་སྤོང་ཆོས་ཀྱི་བླ་མ། གྲོ་ལུང་པ་བློ་གྲོས་འབྱུང་གནས། ཁྱུང་རིན་ཆེན་གྲགས། འབེ་ཤེས་རབ་འབར་དང་བཞི་ལ་སྲས་ཀྱི་ཐུ་བོ་བཞི་ཟེར། གཞན་ཡང་གངས་པ་ཤེའུ། གོང་བུ་ར་ཅན། ཤམ་པོ་མི་དིག་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་སྨིན་པར་མཛད་པའི་ངང་ནས་ཞང་ཚེས་སྤོང་ཆོས་ཀྱི་བླ་མས་ནེའུ་ཐོག་གི་གདན་ས་ལོ་སུམ་བཅུ་རྩ་གཉིས་མཛད། དེ་རྗེས་གཉལ་པ་རི་ལུས་ལོ་གཉིས། གནམ་པར་བས་ལོ་བརྒྱད། དེ་ནས་གྲོ་ལུང་པ་གདན་སར་གདན་དྲངས་པས། གྲོགས་ཆོས་ཀྱི་སྤྱན་ལྡན་དེའི་གདན་ས་དྲོན་མོ་ལ་ཤེས་འདོད་ཡོད་ཀྱང་རལ་རིལ་ཐམས་ཅད་ཀྱི་རྗེས་སུ་མི་བྱེད་གསུང་ནས། གོང་གི་བླ་མ་དེ་གསུམ་གྱི་སློབ་མ་དགེ་བའི་བཤེས་གཉེན་ཕྱ་པ་ཆོས་ཀྱི་སེང་གེས་ནེའུ་ཐོག་གི་གདན་ས་ལོ་བཅུ་བཅོ་བརྒྱད་མཛད་ཅིང། སླར་ཡང་གྲོ་ལུང་པའི་སྤྱན་སྔར་བྱོན་ནས་སྒྲོ་འདོགས་དཔྱད་དེ་སློབ་མ་བསམ་གྱིས་མི་ཁྱབ་པ་བྱོན་པ་ལས་སྲས་ཀྱི་ཐུ་བོ་སེང་ཆེན་བརྒྱད་ནི། གཙང་ནག་བརྩོན་འགྲུས་སེང་གེ། དན་བག་སྨྲ་བའི་སེང་གེ། བྲུ་ནག་བསོད་ནམས་སེང་གེ། རྨ་བྱ་རྩོད་པའི་སེང་གེ། རྩགས་དབང་ཕྱུག་སེང་གེ། ཉ་བྲན་པ་ཆོས་ཀྱི་སེང་གེ། འདན་མ་དཀོན་མཆོག་སེང་གེ། གཉལ་པ་ཡོན་ཏན་སེང་གེ་སྟེ། འགའ་ཞིག་གཙང་པ་འཇམ་སེང་འདྲེན་ནོ། ཇོ་སྲས་བཞི་ནི། འཁོན་ཇོ་སྲས་རྩེ་མོ། རྔོག་ཇོ་སྲས་ར་མོ། ཁུ་ཇོ་སྲས་ནེ་ཙོ། གཉོས་ཇོ་སྲས་དཔལ་ལེ་རྣམས་སོ། ཡང་འགར་དབང་ཕྱུག་གྲུབ། ཀོང་པོ་འཇག་ཆུང། ལྷོ་པ་སྒོག་ཟན། པར་ཕུ་བ་བློ་གྲོས་སེང་གེ་བཞི་ལ་ཤེས་རབ་ཅན་བཞི་ཟེར། གཞན་ཡང་འཇད་པ་སྟོན་སྐྱབས། རྡོ་རྗེ་འོད་ཟེར་ལ་སོགས་པ་སྡེ་སྣོད་