[A:༨༢ན] དཔལ་ལྡན་དགོན་པ་བ། མཁའ་རུ་བ་སྔ་མ། ལོ་ཙཱ་བ་ནག་ཚོ། ཇོ་བོ་ལེགས་དང་བརྒྱད། ཉིང་སློབ་མཁའ་རུ་བ་ཕྱི་མ། དགེ་བཤེས་ཡུང་བ་པ་དང་བཅུ་བསྟེན་ནས། བཤད་པ་དང་སྒྲུབ་པའི་གདམས་པ་དང། ཇོ་བོའི་ལོ་བརྒྱུས་རྒྱུས་རྩད་དཔྱད་པས། ཇོ་བོ་དངོས་ཀྱི་སློབ་མ་རྣམས་གསུང་མཐུན་པར་བྱུང། ཉིང་སློབ་གཉིས་གསུང་མ་མཐུན་ཏེ་ཁྱད་པར་དུ་བསྟན་རིམ་གྱི་མཚན་འདོགས་ལུགས་ལ། མཁའ་རུ་བ་ཕྱི་མའི་ཞལ་ནས་བསྟན་པའི་སྲོལ་ཁ་བྱ་བ་ཡིན་གསུང། ཡུང་བ་པའི་ཞལ་ནས། ཁྱོད་ཀྱི་སློབ་དཔོན་བློ་བརྟུལ་བས་མ་ཟིན་པར་སྣང། བླ་མ་རྣམས་བསྟན་པའི་རིམ་པ་ཞེས་གསུང་བ་ཡིན། དེ་ཡང། ཚུལ་གནས་ཐོས་དང་བསམ་ལྡན་པས། སྒོམ་པ་ལ་ནི་རབ་ཏུ་སྦྱར། བྱ་བའི་དོན་ཡིན་གསུང། དེ་ནས་རོང་པ་ཕྱག་སོར་བའི་ཐུགས་དགོངས་ལ། ཇོ་བོ་དངོས་ལ་ལོ་བཅུ་དགུ་བསྟེན་པའི་ལོ་ཙཱ་བ་ཆེན་པོ་དེ། ད་དུང་མངའ་རིས་གུང་ཐང་ན་བཞུགས་ཡོད་པར་འདུག་པས། ཇོ་བོ་དངོས་སུ་བཞུགས་ཀྱང་ལོ་ཙཱ་བ་བར་དུ་འཇུག་དགོས་པས། དེ་རང་ལ་ཅིག་གཏུག་དགོས་དགོངས་ནས། མང་ཡུལ་དུ་བྱོན་པས། ལོ་ཙཱ་བ་ཆེན་པོ་དེ་གུང་ཐང་ཡང་ཐོག་གི་གཙུག་ལག་ཁང་དུ་བཞུགས་པའི་དྲུང་དུ་བྱོན་ནས། དང་པོར་གསྔགས་ཀྱི་གདམས་པ་ཆང་ཆུང་མང་དུ་ཞུས་ནས་བག་ཕབ། དེ་ནས་ཕྱི་དེ་ལོ་ལ་ཕ་རོལ་དུ་ཕྱིན་པའི་སྒྲུབ་པའི་གདམས་པ་དང། ཇོ་བོ་ཆེན་པོའི་སྐུ་ཆེ་བའི་ཡོན་ཏན་དང། བོད་དུ་སྤྱན་དྲངས་ལུགས་གསུང་བའི་ཞུ་བ་ཕུལ་བས། ལོ་ཙཱ་བའི་ཞལ་ནས། དེ་ལ་ང་མཁས་པ་ཡིན། ལོ་བཅུ་དགུ་བསྟེན་བོད་དུ་ངས་སྤྱན་དྲངས་པས། ཇོ་བོའི་ལོ་བརྒྱུས་རྒྱུས་ལ་ཤིན་དུ་མཁས་པ་ཡིན་ཏེ། ཁྱོད་མིན་པ་རྩད་དཔྱོད་པ་རང་ཡང་མ་བྱུང་གསུང་ནས། ལོ་བརྒྱུས་རྒྱུས་ཆེན་མོ་ལམ་ཡིག་དེའི་དུས་སུ་གསུངས། སྒྲུབ་