R161: བཀའ་གདམས་རིན་པོ་ཆེའི་ཆོས་འབྱུང་རྣམ་ཐར་ཉིན་མོར་བྱེད་པའི་འོད་སྟོང་།

  • Pagination (Witness A): ༨༣ན
[A:༨༣ན] རོང་པའི་བུ་བཞིར་གྲགས་པ་ལྷོར་འབྱུང་བ་ལ་བལྟ་བར་འདུག་གསུངས། དེ་ནས་པ་ཚབ་དང། འཕྲང་ཁ་རྗེའི་འཁྲུག་པའི་མདུས་མཛད་པ་ལ། ཕོད་མདོར་བྱོན་པ་དང། རྨ་ཆེན་པོ་བྱང་རྡོར་ཟེར་བ་འདུལ་བ་འཛིན་པ་ཆེན་པོ་དེ་དང་མཇལ་བས། ཁོང་དད་ནས་སྐྱིད་ཤོད་འོན་ལྗང་རྡོར་སྤྱན་དྲངས་ཏེ་ཆོས་གཙུགས་པས། དེའི་དུས་རྨ་ཆེན་པོའི་ཟུར་ཆོས་པ་ཆེ་བ་བཞིས་ཆོས་ཞུས་པས། རོང་པའི་བུ་བཞིར་གྲགས་པ་ནི། བྱ་འདུལ་བ་འཛིན་པ། རོག་འཆིང་ཕུ་བ་
གནམ་པར་བ་
དགེ་བཤེས་ཞུ་ལྷན་པའོ། རྒྱ་ར་སྟོན་རྗིད་དགེ་བསྙེན་ཡིན་པས་བུར་མ་བགྲངས། དེ་ལྔས་ཇོ་བོའི་གདམས་པ་ཞུས། ཟིན་བྲིས་མཛད་པས། བྱ་འདུལ་བ་འཛིན་པས་གདམས་པ་དང་ལོ་བརྒྱུས་རྒྱུས་ཉུང་འདུས་གཅིག་མཛད། འཆིང་ཕུ་བས་ལོ་བརྒྱུས་རྒྱུས་ཉུང་འདུས་ལ་གདམས་པ་མང་བ་གཅིག་བྱས། གནམ་པར་བས་ལོ་བརྒྱུས་རྒྱུས་མ་བྲིས་པར་གདམ་ངག་རྣམས་བྲིས། ཞུ་ལྡན་པས་གདམས་པ་དང་ལོ་བརྒྱུས་རྒྱུས་གཉིས་ཀ་རྒྱས་པར་བྱས་ནས་ཁྱད་པར་དུ་ལོ་བརྒྱུས་རྒྱུས་ཞིབ་པར་མཛད་དེ། མདོ་སྡེ་རྣམས་ལས་སངས་རྒྱས་ཀྱིས་ཡུལ་འདིར་གང་ཟག་འདི་ལ་ཆོས་འདི་གསུངས་བྱ་བ་ཡོད་པས་ཆོས་ཁུངས་བཙུན་པར་རྟོགས་པ་ལ་ལོ་བརྒྱུས་རྒྱུས་འདི་གལ་ཆེ་བ་ཡིན་གསུང་ནས་རྒྱས་པར་བྲིས། ཡི་གེ་དེ་ཐམས་ཅད་བྱ་འདུལ་བ་འཛིན་པའི་ཕྱག་ཏུ་བྱུང་བས། ཁོང་གིས་ཕྱོགས་གཅིག་ཏུ་བསྒྲིགས་པས་ཇོ་བོའི་ལམ་ཡིག་ཏུ་གྲགས། རྒྱ་ར་སྟོན་བརྗིད་ལ་སྔགས་ཀྱི་གདམས་པ་གཙོ་བོར་གནང། འདིས་རྒྱ་རའི་དགོན་པ་བཏབ། གཞན་ཡང་བ་ཡུ་བ་ཤེས་རབ་ཚུལ་ཁྲིམས་ཀྱིས་ཕྱགས་སོར་བ་ཡུན་རིང་དུ་བསྟེན་ཇོ་བོ་ནས་བརྒྱུད་པའི་ཆོས་སྐོར་དང། ཁྱད་པར་སྤྱན་རས་གཟིགས་ཀྱི་གདམ་ངག་ཐམས་ཅད་མ་ལུས་པར་གནང། ལུང་བསྟན་ནས་ཐུགས་རྗེ་ཆེན་པོ་བསྒྲུབས་པས། ལོ་ལྔ་ན་ཞལ་མཐོང། ཐེག་པ་