[A:༨༣བ] ཆེན་པོ་སྦྱོར་ལམ་གྱི་རྟོགས་པ་བརྙེས་པ་ཡིན་གསུང། བ་ཡུ་ནཱ་འཕགས་པ་ལྕེ་སྒོམ་ཤེས་རབ་རྡོ་རྗེ་དང། མངའ་རིས་པ་ཤེས་རབ་རྒྱལ་མཚན་གཉིས་ལ་གསུངས། དེ་གཉིས་ཚོགས་ལམ་ཆེན་པོ་བ་ཡིན་གསུང། ལྕེ་སྒོམ་གྱིས་ཐོག་མར་བྲག་ལྷ་དགུ་ཕུག་ཏུ་ལོ་བརྒྱད་སྒྲུབ་པ་མཛད་པས་འཕགས་པའི་ཞལ་དངོས་སུ་མཐོང་ངོ། བླ་མ་མངའ་རིས་པ་ལ་རྒྱུ་མཚམས་ཀྱི་བྲག་ཕུག་ཏུ་བསྒྲུབས། ཞལ་མཐོང་བར་འགྱུར་གསུང་ནས་ལུང་བསྟན་ཏེ་བསྒྲུབས་པས་ལོ་བཞི་ན་ཞལ་མཐོང། དུས་རྒྱུན་དུ་མི་མ་ཡིན་གྱིས་འཚོ་བ་དྲངས་གསུང། དེ་གཉིས་ཀ་ལ་གྲུབ་ཐོབ་སྐྱེར་སྒང་པས་ཞུས་ཏེ། ལོ་ཕྱེད་དང་
བཞི་
བསྒྲུབས་པས་ཞལ་མཐོང་ནས། སྙིགས་མའི་དུས་སུ་ཞལ་མཐོང་གི་བརྒྱུད་པ་མང་དུ་འབྱུང་གསུང་ལུང་བསྟན་མཛད་དེ། སློབ་མའང་ལྔ་བཅུས་ཞལ་མཐོང་ངོ། དེས་སངས་རྒྱས་གཉན་སྟོན་ལ་གསུངས་ཏེ། སྐྱེར་སྒང་དུ་དབྱར་དགུན་བཅུ་གསུམ་བཞུགས། གདམས་ངག་ཆིག་བརྒྱུད་ཐམས་ཅད་མ་ལུས་པར་གནང་ནས། ལོ་གསུམ་བསྒྲུབས་པས་ཕྱག་བཞི་པ་ཁ་སརྤ་ཎི་བཅུ་གཅིག་ཞལ་ཕྱག་སྟོང་སྤྱན་སྟོང་རྣམས་ཞལ་མཐོང་། སློབ་མ་བཅུ་གཅིག་གིས་ཞལ་མཐོང་བའི་ལུང་བསྟན་མཛད་པ་བཞིན་བྱུང་གསུང་། དེ་ནས་ད་ལྟ་ཡང་རྒྱུད་པ་མ་ཆད་པར་བཞུགས་པ་དང། གཞན་ཡང་ནག་ཚོ་ནས་བརྒྱུད་པའི་ཆོས་སྐོར་གསང་བ་འདུས་པའི་བཤད་བརྒྱུད་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ལ་བརྟེན་པའི་མན་ངག་ལ་སོགས་པ་འགའ་རེ་གནང་ངོ་། འདིར་སྨྲས་པ། རྣམ་དཔྱོད་ཤ་བ་
རིའི་ཅོད་པན་ལས། ཀུན་ཁྱབ་ལྷ་ཡི་ལམ་ལས་འཕགས། བློ་གསལ་སྐྱེ་བོའི་སྣང་བྱེད་དུ། རྣམ་ཐར་ཉིན་བྱེད་འོད་སྟོང་ཤར། དོན་གཉེར་རྐང་དྲུག་ལྡན་པའི་ཚོགས། དགའ་དང་སྤྲོ་བའི་འདབ་གཤོག་ཅན། དད་པའི་སེར་བུས་བསྐྱོད་བཞིན་དུ། ལེགས་བཤད་པདྨོ་