R161: བཀའ་གདམས་རིན་པོ་ཆེའི་ཆོས་འབྱུང་རྣམ་ཐར་ཉིན་མོར་བྱེད་པའི་འོད་སྟོང་།

  • Pagination (Witness A): ༡༡བ
[A:༡༡བ] བློ་སྦྱོང་གྱིས་གིས་ལ་བསྟན་པ་དར་བར་གྱིས་ཤིག་གསུངས་པས། རབ་ཏུ་བྱུང་སྟེ། གཅེན་གྱིས་རི་བྱ་རྐང་གི་ཕུག་ཏུ་རྗེ་བཙུན་བྱམས་པ་ལོ་བཅུ་གཉིས་ཀྱི་བར་དུ་བསྒྲུབས་པས། ཞལ་མངོན་སུམ་དུ་བསྟན་ནས་ཁྱོད་ཅི་འདོད་གསུང་བ་ལ། ཐེག་པ་ཆེན་པོའི་ཆོས་དར་བར་འདོད་ཞུས་ཏེ། བྱམས་པའི་ཆོས་གོས་ཀྱི་གྲྭ་ལ་འཇུས་ནས་དགའ་ལྡན་དུ་བྱོན། ལྷའི་དྲོ་སྐད་ཙམ་དུ་བཞུགས་ནས། ཡུམ་གྱི་མདོ་ལ་སོགས་པ་ཐེག་ཆེན་གྱི་མདོ་སྡེ་མང་དུ་གསན། དེ་དག་གི་དོན་སྟོན་པའི་བསྟན་བཅོས་བརྩོམ་རྩོམ་པར་ཞུས་པས། བྱམས་ཆོས་སྡེ་ལྔ་མཛད། དེ་ནས་ཐོགས་མེད་ཀྱིས་ཛམ་འཛམ་བུའི་གླིང་དུ་བྱོན་ནས་བྱམས་ཆོས་སྡེ་ལྔ་ཡི་གེར་བཏབ། མདོའི་དགོངས་འགྲེལ་ས་སྡེ་ལྔ། སྡོམ་རྣམ་པ་གཉིས། དེ་ཉིད་རྣམ་ངེས་དང། རྒྱུད་བླའི་འགྲེལ་པ་དང། དགོངས་འགྲེལ་གྱི་འགྲེལ་ཆེན་སོགས་བསྟན་བཅོས་མང་དུ་བརྩམས་ཏེ་བསྟན་པ་ཆེས་གསལ་བར་མཛད་ཅིང། ས་གསུམ་པའི་རྟོགས་པ་བརྙེས་སོ། གཅུང་དབྱིག་གཉེན་གྱིས་ཁ་ཆེར་སློབ་དཔོན་འདུལ་བཟང་གི་དྲུང་དུ་བྱོན། མངོན་པ་སྡེ་བདུན་དང། དགྲ་བཅོམ་པ་ཉེར་སྦས་ཀྱིས་མཛད་པའི་བྱེ་བྲག་ཏུ་བཤད་པ་གཞུང་འབུམ་ཕྲག་གཅིག་ཡོད་པ་གསན་པས་ཚེགས་མེད་པར་མཁྱེན་ནས་རྒྱ་གར་དུ་བྱོན། གཅེན་ལ་ཐེག་ཆེན་གྱི་ཆོས་མང་དུ་གསན། འབེལ་གཏམ་མཛད་པས་གཅུང་སྤོབས་པ་ཤིན་དུ་མྱུར། གཅེན་ཅུང་ཟད་བུལ་བའི་ལན་བཟང་པོ་བྱུང། དེའི་རྒྱུ་ཅི་ཡིན་ཞུས་པས། ཁྱོད་སྐྱེ་བ་ལྔ་བརྒྱར་པཎྜི་ཏར་གྱུར་པས་སྐྱེ་སྟོབས་ཀྱི་ཤེས་རབ་ཆེ་བ་ཡིན། ང་དེ་ལྟ་བུ་མིན་པས་ཡི་དམ་ཞིག་ལ་དྲིས་ཤིང་ལན་འདེབས་པ་ཡིན་གསུངས། དེ་བདག་ལ་སྟོན་པར་ཞུས་པས། རྗེ་བཙུན་ལ་ཞུ་ཡི་གསུང་སྟེ་ཞུས་པས། ཁོ་སོ་སོ་སྐྱེ་བོ་ཡིན་ཞིང། དང་པོ་ཐེག་ཆེན་ལ་སྐུར་པ་བཏབ་པས་སྒྲིབ་པ་སྦྱང་བའི་ཕྱིར་དུ་ཐེག་ཆེན་གྱི་མདོ་འགྲེལ་མང་དུ་བརྩོམས་བརྩམས་