[A:༡༤ན]ནས་བརྒྱུད་པ། པནྜི་ཏ་མགྲིན་པ་གསུམ་པ་ནས་བརྒྱུད་པའི་མན་ངག་རྫོགས་པར་མངའ་བ་ཡང་ཀུ་སཱ་ལི་ཆེ་བ་ཡིན། འཕགས་པ་ཐོགས་མེད་ཀྱིས་བྱམས་པ་མཉེས་པར་བྱས་པ་ལས་བྱུང་བ། རྒྱ་ཆེན་སྤྱོད་པའི་བརྒྱུད་པའི་ཆོས་མ་ལུས་པར་མངའ་བ་ཡང་ཀུ་སཱ་ལི་ཆེ་བ་ཡིན་ནོ། ཞེས་གསུངས་སོ། དེའི་སློབ་མ་ཀུ་སཱ་ལི་ཆུང་བ་ཡིན་ཏེ། བྱམས་པ་ཁོ་ན་ཁྱད་པར་དུ་བསྒོམ་པས་བྱམས་པའི་རྣལ་འབྱོར་པ་ཞེས་པར་ཡང་གྲགས་ལ། བླ་མ་འདི་ལ་ཀུ་སཱ་ལི་ཆེ་བའི་ཡོན་ཏན་མ་ལུས་པ་མངའ་ལ། གསེར་གླིང་པའི་ཡང་བླ་མ་ཡིན་ལ། བླ་མ་འདིས་བྱམས་རྙིང་རྗེ་བྱང་ཆུབ་ཀྱི་སེམས་དགྱེར་སྒོམ་རྡོ་རྗེའི་གྲུའི་དོན་ཡུན་རིང་དུ་བསྒོམས་ཤིང་ཞལ་ཐོན་དུ་མཛད་པས། རེ་ཤིིིག་ན་ཆུ་བོ་གངྒའི་འགྲམ་དུ་བཅོམ་ལྡན་འདས་བྱམས་པ་ལྷའི་རྒྱལ་པོའི་ཆ་བྱད་དུ་བྱོན་ནས་ཆོས་གསུངས་སོ། ཀུ་སཱ་ལི་ཆུང་བའི་ཡོན་ཏན་རྫོགས་པར་མངའ་བ་དཔལ་ལྡན་ཨ་ཏི་ཤ་ཡིན་ཡང། བླ་མ་གསེར་གླིང་པ་བསྟེན་པ་ལས་འཕྲོས་ཏེ། དེའི་ལོ་བརྒྱུས་རྒྱུས་ནི། གསེར་གླིང་ཞེས་པ་གླིང་བཞི་གླིང་ཕྲན་བརྒྱད་གང་དུ་ཡང་མ་གཏོགས་པ། ཛམ་འཛམ་བུའི་གླིང་དུ་ཉེ་བ། རིན་པོ་ཆེ་སྣ་ཚོགས་ཡོད་གླིང་དེ་ལ་གསེར་གླིང་ཞེས་ཟེར། དེར་རེས་ནང་པའི་བསྟན་པ། རེས་ཕྱི་པའི་བསྟན་པ་འབྱུང་བ་ལ། དེ་དུས་ཕྱི་པའི་
བསྟན་པ་
ཡོད། གླིང་དེའི་རྒྱལ་པོའི་སྲས་རྒྱལ་བུ་སི་ན་ཞེས་པར་འཁྲུངས་མ་ཐག་དཀོན་མཆོག་གསུམ་ལ་སྐྱབས་འགྲོ་མཛད་པས། མུ་སྟེགས་བྱེད་ཀྱི་བློ་ལ་མ་རན་ཀྱང་རྒྱལ་པོའི་སྲས་སུ་སོང་བས་ཅི་ཡང་བྱེད་མ་ནུས། རྒྱལ་བུ་ལོ་དྲུག་བདུན་ལོན་དུས་ནགས་གསེབ་ཏུ་བྱོན་པས། ཐུབ་པའི་གསེར་སྐུ་མཐོ་གང་ཙམ་ཞིག་རྙེད་པ་དེ་ལ་ཕྱག་མཆོད་འབའ་ཞིག་མཛད་པས། ཐུབ་པ་དངོས་སུ་བྱོན་ཏེ་གསེར་གླིང་པའི་དབུ་ལ་ཕྱག་གིས་བྱུགས། སྐུ་ལུས་