R161: བཀའ་གདམས་རིན་པོ་ཆེའི་ཆོས་འབྱུང་རྣམ་ཐར་ཉིན་མོར་བྱེད་པའི་འོད་སྟོང་།

  • Pagination (Witness A): ༡༥ན
[A:༡༥ན]རྒྱལ་སྲིད་ནི་དམན་པའོ། དམ་པ་མ་ཡིན་པའོ། དམ་པ་ལས་རིང་དུ་བྱེད་པའོ། ཁྱོད་ཀྱིས་ཆོས་ཀྱི་རྒྱལ་སྲིད་འཛིན་ནུས་སམ། ཞེས་ལན་གསུམ་གསུང་གསུངས་། རྒྱལ་བུས་ཀྱང་ནུས་སོ་ཞེས་ལན་གསུམ་ཁས་བླངས་པ་ན་གཉིད་སད་དེ། སློབ་དཔོན་དངོས་སུ་བཞུགས་ནས་བྱིན་གྱིས་བརླབས་ཏེ། སངས་རྒྱས་ཀྱི་བཀའི་གདམས་པ་རྣམས་གནང། ཁྱད་པར་དུ་བྱང་ཆུབ་ཀྱི་སེམས་ལ་བརྟེན་པའི་ཆོས་མང་དུ་གསུངས། ཆོས་ཐམས་ཅད་ཀྱི་གནས་ལུགས་ཐུགས་སུ་ཆུད་དེ། མཚན་ཆོས་ཀྱི་གྲགས་པར་བཏགས་སོ། དེ་ནས་གསེར་གླིང་དུ་བྱོན་ཏེ་མུ་སྟེགས་པ་རྣམས་ཆོས་ཀྱིས་ཚར་བཅད། སངས་རྒྱས་ཀྱི་བསྟན་པ་ལ་བཀོད། ཆོས་དང་ཟང་ཟིང་གི་དཔལ་འབྱོར་རྒྱས་པར་མཛད་དེ་ལོ་བརྒྱ་དང་ལྔ་བཅུ་བཞུགས། མདོར་
ན་
ཆོས་ཀྱི་གྲགས་པས་ཛམ་འཛམ་གླིང་ཁྱབ་པས་མཚན་དོན་དང་ལྡན་པ་ཡིན་གསུང་གསུངས་། དེ་ལ་སློབ་མའི་མཆོག་པཎྜི་ཏ་ཆེན་པོ་བཞི་ནི། ཤཱནྟི་པ། ཇོ་བོ་རྗེ། ཛྙཱ་ན་ཤྲཱི་མི་ཏྲ། རཏྣ་ཀཱིརྟི་རྣམས་ལས་ཡོན་ཏན་རྫོགས་པར་མངའ་བ་ནི་ཇོ་བོ་ཡིན་ཏེ། ཐོག་མར་མཇལ་བའི་ཚུལ། གསེར་གླིང་པ་དེ་ཉིད། སངས་རྒྱས་པ་ཐམས་ཅད་ཀྱི་གཙུག་གི་ནོར་བུ། ཁྱད་པར་བྱམས་སྙིང་རྗེ་ལས་བརྩམས་ཏེ་ཆོས་སྟོན་པ་གཅིག་ཡོད་ཟེར་བའི་སྙན་པ་ཇོ་བོས་གསན་པས། སྐུ་ཚེ་དཔག་ཏུ་མེད་པའི་བླ་མར་མཁྱེན་ནས་མཚན་ཐོས་པ་ཙམ་གྱིས་དད་གུས་དཔག་ཏུ་མེད་པ་འཁྲུངས། བརྩོན་པ་ཆེན་པོས་པཎྜི་ཏ་སའི་སྙིང་པོ་ལ་སོགས་པའི་འཁོར་མང་པོ་དང་བཅས་ཏེ། ནོར་བུ་ལེན་པའི་ཚོང་པ་དང་འགྲོགས་ནས་རྫིངས་བཅངས་ཆེན་པོ་བཅས་ཏེ་བྱོན་པ་ལ། དབང་ཕྱུག་ལ་སོགས་པས་བར་ཆད་བརྩམས་ཏེ། དུང་དང་འོ་མ་ལ་སོགས་པའི་མཚོ་དུ་མར་རླུང་གིས་དེད་ཀྱང་གནོད་པ་མེད་ཅིང། གཤིན་རྗེ་གཤེད་ཀྱི་སྐུར་སྤྲུལ་ནས་བཏུལ་བ་དང། གསེར་གླིང་དུ་ཡང་ཛམ་འཛམ་བུ་གླིང་ནས་པཎྜི་ཏ་ཆེན་པ་གཅིག་བྱོན་པའི་གྲགས་པ་བྱུང་བས། དགེ་འདུན་རྣམས་ཀྱིས་བསུ་བ་མཛད་ཚུལ་