R161: བཀའ་གདམས་རིན་པོ་ཆེའི་ཆོས་འབྱུང་རྣམ་ཐར་ཉིན་མོར་བྱེད་པའི་འོད་སྟོང་།

  • Pagination (Witness A): ༡༦ན
[A:༡༦ན]རབ་ཏུ་སྒྲོན་གསལ་ལས་ཀྱང། དགའ་ལྡན་དུ་རྒྱུད་སྡེ་ཐམས་ཅད་བསྟན་པར་བཞེད་དོ། བོད་ཀྱི་བླ་མ་དག་གི་བཞེད་པས་ཨུ་རྒྱན་དུ་གསུངས་པར་བཞེད་དེ། དེ་ཡང་རྒྱལ་པོ་ཨིནྟྲ་བྷུ་ཏིས་ནམ་མཁའ་ལ་ཉན་ཐོས་ཀྱི་དགེ་འདུན་སྔ་དྲོ་ཤར་ནས་ནུབ་དང། ཕྱི་དྲོ་
ནུབ་
ནས་ཤར་དུ་འགྲོ་བ་གཟིགས་ནས་ཅི་ཡིན་དྲིས་པས། སངས་རྒྱས་ཤཱཀྱ་ཐུབ་པའི་ཉན་ཐོས་སོ་ཟེར་བ་ཐོས་ནས་དད་པ་སྐྱེས། མཆོད་པ་རྒྱ་ཆེན་པོ་བཤམས་ཏེ། བསྡོམས་འཁོར་དང་བཅས་པ་བདག་གི་གནས་འདིར་གཤེགས་སུ་གསོལ་ཞེས་གསོལ་བ་བཏབ་པས། བསྡོམས་འཁོར་དང་བཅས་པ་དེར་བྱོན་པ་ལ་མཆོད་པ་
དང་
བསྙེན་བཀུར་གྱིས་མཉེས་པར་བྱས་ནས། བདག་ཀྱང་ཐམས་ཅད་མཁྱེན་པའི་ལམ་ལ་འགོད་པར་ཞུ་ཞེས་ཞུས་པས། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ལ་བསླབ་པ་གསུམ་ལ་སློབས་ཤིག། ཅེས་བཀའ་བསྩལ་པ་དང། བདག་འདོད་ཡོན་ལ་ལོངས་སྤྱོད་བཞིན་དུ་འཚང་རྒྱ་བའི་ཐབས་ཞུ་འཚལ་ཞེས་ཞུས་པས། སྟོན་པས་སྤྲུལ་སྐུའི་སྣང་བ་བསྡུས་ཏེ། དཔལ་གསང་བ་འདུས་པའི་དཀྱིལ་འཁོར་སྤྲུལ་ནས། རྒྱལ་པོ་ཨིནྟྲ་བྷུ་ཏི་ལ་སོགས་པ་སྐལ་བ་དང་ལྡན་པ་རྣམས་ལ་རིག་པའི་དབང་བསྐུར། དཔལ་གསང་བ་འདུས་པའི་རྒྱུད་བསྟན་ནས། རྡོ་རྗེ་ཆོས་ལ་རྒྱུད་གཏད་པར་བཞེད་དོ། དེ་ནས་གནས་ཨོ་རྒྱན་དུ་སྡུད་པ་པོ་ཕྱག་ན་རྡོ་རྗེས། དུས་བཅོམ་ལྡན་འདས་བཞུགས་པའི་དུས་ཉིད་དུ་སྔར་གྱི་རྒྱུུད་སྡེ་མཐའ་དག་བསྡུས་ནས་རྒྱལ་པོ་ཨིནྟྲ་བྷུ་ཏི་འཁོར་དང་བཅས་པ་ལ་གནང། དེ་དག་གིས་ཀྱང་དངོས་གྲུབ་ཐོབ་པར་གྱུར་པས། རང་བཞིན་གྱིས་གྲུབ་པའི་དཔའ་བོ་དང། རྣལ་འབྱོར་མ་ཞེས་བྱའོ། དེ་ནས་ཨོ་རྒྱན་གྱི་ཡུལ་དེ་སྟོངས་ནས་མཚོ་ཆེན་པོ་ཀླུས་གང་བ་གཅིག་ཏུ་གྱུར། དེ་ནས་ཡང་ཕྱག་ན་རྡོ་རྗེས་རྒྱུད་མཐའ་དག་གླེགས་བམ་ལ་བྲིས་ནས། མཚོའི་ཀླུ་དེ་རྣམས་