R161: བཀའ་གདམས་རིན་པོ་ཆེའི་ཆོས་འབྱུང་རྣམ་ཐར་ཉིན་མོར་བྱེད་པའི་འོད་སྟོང་།

  • Pagination (Witness A): ༢བ
[A:༢བ] ཟླ་བོ་སྟོབས་ཆུང་བ་ལ་སྙིང་རྗེ་སྐྱེས་པའི་རྐྱེན་གྱིས་དང་པོར་ཐུགས་བསྐྱེད་པར་བཤད། ཕུང་པོ་གསུམ་པ་ལས། ཚོང་དཔོན་གྱི་བུ་མངོན་དགར་གྱུར་པས་སངས་རྒྱས་མཛེས་ཆེན་གྱི་དྲུང་དུ་ཐུགས་བསྐྱེད་པ་དང། རྫ་མཁན་གྱི་བུ་ཁྱེའུ་སྣང་བྱེད་དུ་གྱུར་པས་སངས་རྒྱས་ཤཱཀྱ་ཐུབ་པ་ཆེན་པོ་ལ་ཐུགས་བསྐྱེད་པར་བཤད་དེ། མི་འདྲ་བ་ནི་གདུལ་བྱའི་བྱེ་བྲག་གམ་སྔ་ཕྱི་ཡིན་པས་འགལ་བར་མི་སེམ་མོ་སེམས་སོ། གཉིས་པ་ཚོགས་བསགས་ཚུལ་ནི། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། གྲངས་མེད་བདུན་དང་། བཅུ་དང། སོ་གསུམ་སོགས་བཤད་ཀྱང། མདོ་དེ་སྡེ་རྒྱན་ལས། གྲངས་མེད་གསུམ་དུ་གསུངས་པ་ལྟར་ན། མདོ་ལས། དང་པོ་གཞོན་ནུ་བརྩོན་འགྲུས་སྤྱོད་དུ་གྱུར་པ་ན། དེ་བཞིན་གཤེགས་པ་ཕུང་པོ་ཆེན་པོ་ལ་དགེ་བའི་རྩ་བ་བསྐྲུན་པ་ནས་བརྩམས་ཏེ་གྲངས་མེད་གཅིག་ཏུ་ཚོགས་བསགས་པས་ས་དང་པོ་ཐོབ་བོ། དེ་ནས་ཚོང་དཔོན་ཤེས་རབ་བཟང་དུ་གྱུར་པ་ན། དེ་བཞིན་གཤེགས་པ་དཀོན་མཆོག་ཡན་ལག་བསྙེན་བཀུར་བ་ནས་བཟུང་སྟེ་གྲངས་མེད་གཅིག་ཏུ་ཚོགས་བསགས་པས་ས་བདུན་པ་ནོན་པར་གྱུར། དེ་ནས་བྲམ་ཟེའི་ཁྱིའུ་སྤྲིན་དུ་གྱུར་པའི་ཚེ་བྲམ་ཟེ་མར་མེའི་བདག་པོའི་སྲས་དེ་བཞིན་གཤེགས་པ་མར་མེ་མཛད་རྒྱལ་པོ་དགྲ་འདུལ་གྱི་ཕོ་བྲང་པདྨ་ཅན་ཞེས་པའི་ཚོང་འདུས་དང་ཉེ་བར་བཞུགས་པ་ལ། ལྷ་རྣམས་ཀྱིས་མཆོད་པ་འབུལ་བ་མཐོང་ནས་དྲིས་པ། ཁྱེད་ཀྱིས་མི་ཤེས་སམ། འདི་ན་སངས་རྒྱས་མར་མེ་མཛད་བཞུགས་སོ་ཟེར་བས་དད་དེ། ཨུཏྤ་ཨུཏྤལ་ལ་ལྔ་ཉོས་པ་སངས་རྒྱས་ལ་གཏོར། ཀྲྀཥཱ་ས་ལེའི་ལྤགས་པ་བཏིང་ནས། མར་མེ་མཛད་དེ་བཞིན་གཤེགས་པ་ཀུན་ནས་སྤྱན་བདག་གི་ལྷག་པའི་བསམ་པ་ཐུགས་སུ་ཆུད་པར་མཛད་འཚལ་ལོ་རི་དགས་ཀྱི་ལྤགས་པ་འདི་ལ་ཞབས་མི་འཇོག་གམ། ལུང་མི་སྟོན་ན་འདི་ཉིད་དུ་ལུས་སྐམ་པར་བྱའོ་ཞེས་ཡི་ཡིད་དམ་བཅས་པས། སྟོན་པས་ཞབས་