R161: བཀའ་གདམས་རིན་པོ་ཆེའི་ཆོས་འབྱུང་རྣམ་ཐར་ཉིན་མོར་བྱེད་པའི་འོད་སྟོང་།

  • Pagination (Witness A): ༢༦བ
[A:༢༦བ] ལྟ་སྤྱོད་ཡ་བྲལ་གྱིས་སངས་རྒྱས་ཐོབ་པར་འདོད་པ་སོགས་ཆོས་ལྟར་བཅོས་པ་སྣ་ཚོགས་ཀྱིས་བསྟན་པ་རིན་པོ་ཆེ་དྲི་མ་ཅན་དུ་གྱུར་ཅིང། དཀའ་བའི་གནད་རྣམས་ལ་ཡང་ཐེ་ཚོམ་དུ་གྱུར་པས། མདོ་རྒྱུད་ནས་ལུང་བསྟན་པའི་
ལྷ་
བླ་མ་ཡེ་ཤེས་འོད། བོད་ཀྱི་རྒྱལ་བརྒྱུད་དྲི་མ་མེད་པར་བྱོན་པ་དེས། དེ་རྣམས་ལ་ཐུགས་མ་ཆེས་པར། མངའ་རིས་སྐོར་གསུམ་ནས་ཁྱེའུ་བློ་རྣོ་བ་ཉེར་གཅིག་དམ་པའི་ཆོས་དང། པཎྜི་ཏ་ཚོལ་བའི་ཞལ་བཀོད་དང་བཅས་ཏེ། རྒྱ་གར་དུ་བརྫངས་པས། དེ་རྣམས་ཀྱི་ནང་ནས་ལོ་ཆེན་རིན་བཟང་དང། ལོ་ཆུང་ལེགས་ཤེ་གཉིས་མཁས་པའི་མཐར་ཕྱིན་པར་མཛད་དེ། བོད་ལ་ཕན་ཐོགས་པའི་པཎྜི་ཏ་བཙལ་བས། བི་ཀྲ་མ་ཤཱི་ལའི་པཎྜི་ཏ་ཆེན་པོ་དི་པམ་ཀ་ར་ཤྲཱི་ཛྙཱ་ནའི་ཡོན་ཏན་གྱི་ཁྱད་པར་མཐའ་ཡས་པ་རྣམས་གསན་ཀྱང། རང་གིས་སྤྱན་འདྲེན་པར་མ་སྤོབས་ཏེ་ཚུར་བྱོན་ནས། རྒྱལ་པོ་ལ་ལོ་བརྒྱུསརྒྱུས་རྒྱས་པར་ཞུས་པས་ཐུགས་མཉེས་ཤིང་ཐེ་ཚོམ་ཀྱང་ཆོད་པར་མཛད་དོ། དེའི་ཚེ་ལོ་ཙཱ་བ་རིན་ཆེན་བཟང་པོའི་དྲིན་གྱིས་གསང་སྔགས་སྤྱི་དང། དཀྱིལ་འཁོར་གྱི་ཆོ་གའི་ལག་ལེན་སོགས་མངའ་རིས་སྐོར་གསུམ་དུ་དར་བར་གྱུར་ཀྱང། རབ་ཏུ་བྱུང་བ་འགའ་ཞིག་ཚུལ་ཁྲིམས་ཀྱི་ཀུན་དུ་སྤྱོད་པ་དག་པས་སོ་སོ་ཐར་པ་ཙམ་གྱིས་ཆོག་ཤེས་ནས། ཐེག་པ་ཆེན་པོ་བྱང་ཆུབ་སེམས་དཔའི་ཀུན་དུ་སྤྱོད་པ་ལས་གཡོལ་ཞིང། བྱེ་བྲག་ཏུ་ཕ་རོལ་དུ་ཕྱིན་པ་ལ་སྒྲུབ་པ་ལྷུར་བྱེད་པ་ཉུང་བ་ཉིད་དང། སྔོན་གྱི་ལོག་པར་རྟོག་པ་མཐའ་དག་སེལ་བ་ལ། པཎྜི་ཏ་ཆེན་པོ་དཱི་པམ་ཀ་ར་ཤྲཱི་ཛྙཱ་ན་དེ་ཉིད་བོད་དུ་སྤྱན་དྲངས་ན་བསྟན་པ་སྐྱོན་དང་བྲལ་བར་འགྱུར་རོ་སྙམ་དུ་དགོངས་ནས། འབད་པ་ཆེན་པོས་ལོ་ཙཱ་བ་རྒྱ་བརྩོན་སེང་འཁོར་བརྒྱ་ཙམ་གསེར་མང་པོ་དང་བཅས་ཏེེ་རྒྱ་གར་དུ་བཏང་པ་དང། འཁོར་ཕལ་ཆེ་བ་ཚད་པས་གུམ། གསེར་རྣམས་ཀྱང་བརླག་ནས་ཇོ་བོ་སྤྱན་མ་འདྲོངས། དུས་དེར་ལྷ་བླ་མ་ཡེ་ཤེས་འོད་གསེར་འཚོལ་དུ་བྱོན་པ་གར་ལོག་གི་