R161: བཀའ་གདམས་རིན་པོ་ཆེའི་ཆོས་འབྱུང་རྣམ་ཐར་ཉིན་མོར་བྱེད་པའི་འོད་སྟོང་།

  • Pagination (Witness A): ༢༧ན
[A:༢༧ན] རྒྱལ་པོས་བཟུང་བས། དེའི་དབོན་པོ་ལྷ་བླ་མ་བྱང་ཆུབ་འོད་ཀྱིས་ཁུ་བོ་བླུ་བ་དང། ཨ་ཏི་ཤ་སྤྱན་འདྲེན་པ་ལ་དཀའ་སྤྱད་ཇི་ལྟར་མཛད་པའི་ཚུལ། ལམ་ཡིག་ལས་འབྱུང་བ་རྣམ་ཐར་ཆོས་ཀྱི་འབྱུང་གནས་སུ་རྒྱས་པར་གསུངས་པ་ནི། ཨ་ཏི་ཤ་སྤྱན་འདྲེན་པའི་ཕོ་ཉ་ལ། ནག་ཙོ་ལོ་ཙཱ་བ་རྒྱུ་མཚན་དུ་མས་ལེགས་པར་དགོངས་ཏེ། ལྷ་བཙུན་པས་སྤྱན་སྔར་བོས། བསྙེན་བཀུར་ནས། འདུལ་བ་འཛིན་པ་ལ་ཞུ་ན། ངའི་ཡབ་མེས་རྒྱལ་བློན་བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱིས། སངས་རྒྱས་ཀྱི་བསྟན་པའི་དབུ་བརྙེས། སྲོལ་བཏོད། དར་ཞིང་རྒྱས་པར་མཛད་པ་ཡིན་པ་ལ། དུས་དིང་སང་སངས་རྒྱས་ཀྱི་བསྟན་པ་ཉམ་དམས། བདུད་རིགས་ཀྱི་སེམས་ཅན་ཁ་རྒྱལ། ཆོས་ལྟར་བཅོས་པ་རྣམས་དར་བས། ཤེས་པ་སྐྱོ་བར་བྱུང། ངེད་ཁུ་དབོན་གཉིས་ཀྱིས་མི་འདིས་གོ་ཆོད་དམ། འདིས་སངས་རྒྱས་ཀྱི་བསྟན་པ་ལ་སེམས་སྙམ་པ་རྣམས་ལ། གསེར་སྲང་བརྒྱ་སྐོར་རེས་མ་མཐའ་བྱས་ཇོ་བོ་གདན་འདྲེན་དུ་བཏང་བ་ཡིན་ནའང། བསྟན་པའི་བྱ་བ་ཆེས་པས་གདན་མ་འདྲོངས་དྲོངས། དེས་ཀྱང་བློ་མ་བསད་པར། ལྷ་ཆེན་པོ་དེས་བལ་ཡུལ་གྱི་མཐའ་མཁོབ་ཏུ་ཇོ་བོ་གདན་འདྲེན་པའི་གསེར་འཚོལ་དུ་བྱོན་པས། གར་ལོག་གི་རྒྱལ་པོས། ཆོས་ཀྱི་རྒྱལ་པོ་པཎྜི་ཏ་གདན་འདྲེན་པའི་གསེར་འཚོལ་བར་རིག་ནས། འདིའི་ཕ་མེས་
རྣམས་
ཀྱིས་སྔོན་ཡང་སངས་རྒྱས་ཀྱི་བསྟན་པ་དར་བར་བྱས་འདིས་ཀྱང་པཎྜི་ཏ་གདན་འདྲེན། བསྟན་པ་དར་བར་བྱེད་པས། གཟུང་ལ་བཙོན་ཁང་དུ་ཆུག་ཟེར་ནས་མནར། དེ་བདག་གིས་ཐོས་པས་ཁུ་བོ་ལྡོག་ཏུ་ཕྱིན་ཡང། གར་ལོག་གི་རྒྱལ་པོ་ཚན་ཆེས་ནས་མ་ལྡོག་ཡང་དམག་བྱས་ན་ལྡོགས་པར་སྣང་སྟེ། དེའི་བར་དུ་འགྲོ་བ་མང་པོའི་སྲོག་འཆད་པ་དང། ང་རང་ལ་ཡང་བར་ཆད་བྱུང་ན་ཇོ་བོ་སྤྱན་མི་འདྲོངས་དྲོངས་པར་གདའ་བས། ཁོང་རང་དང་བསྟུན། ཁོ་ན་རེ། འོ་ན་