R161: བཀའ་གདམས་རིན་པོ་ཆེའི་ཆོས་འབྱུང་རྣམ་ཐར་ཉིན་མོར་བྱེད་པའི་འོད་སྟོང་།

  • Pagination (Witness A): ༣༣ན
[A:༣༣ན] བཅུད་ཀྱིས་སྨིན་པར་མཛོད། ཚིག་གི་སྤྲོས་པ་མཐའ་ནས་ཆོད་པར་མཛོད། ཤེས་རབ་རྟོགས་པ་ནང་ནས་རྒྱས་པར་མཛོད། ཕྲིན་ལས་བཟང་པོ་ཕྱོགས་མཐར་ཁྱབ་པར་མཛོད། གདུལ་བྱ་ཡོངས་ལ་ཕྱོགས་རིས་མེད་པར་མཛོད། སྒོ་གསུམ་ཐུབ་པ་ཆེན་པོར་བརྟན་པར་མཛོད། གཉེན་པོ་མི་གཡོ་མགོན་པོ་ཚགས་པར་མཛོད། འགྲོ་དྲུག་ཐུགས་རྗེ་ཆེན་པོར་བརྩེ་བར་མཛོད། འགྲོ་བའི་སྡུག་བསྔལ་ཐམས་ཅད་སྒྲོལ་བར་མཛོད། བསླབ་པ་གསུམ་གྱིས་ཉིན་མཚན་ཕྱུག་པར་མཛོད། ལྷ་ཆོས་བདུན་གྱི་འབྱོར་པས་ཕྱུག་པའི་ཚེ། གསང་སྔགས་ལྷུན་གྱིས་གྲུབ་པར་མཆི་འོ་ཨང། ཞེས་གསུངས་ལ། དེ་ལྟར་བླ་མ་དང། ཡི་དམ་རྣམས་ཀྱིས་བོད་ཁ་བ་ཅན་དུ་འབྱོན་པར་ལུང་བསྟན་ན་ཡང། ཨ་ཏི་ཤ་བསྟན་པའི་བྱ་བ་ལ་གཞིས་ཆེས་པ་དང། གནས་བརྟན་རཏྣཱ་ཨ་ཀ་ར་ལ་སོགས་པ་ཇོ་བོ་བོད་དུ་འབྱོན་པ་ལ་མིི་དགའ་བ་རྣམས་ཀྱིས་ཚོར་དགོས་པ་དང། རྡོ་རྗེ་གདན་གྱི་རྒྱལ་པོ་ལ་སོགས་པ་མི་རེ་རེ་ཙམ་གྱིས་ཤོལ་བཏབ་པས། གཙུག་ལག་ཁང་སོགས་མཆོད་ཅིང་ཡམ་ཡོམ་དུ་ལུས་པ་ན། ལན་གཅིག་ཇོ་བོ་རྡོ་རྗེ་གདན་དུ་བྱོན་པའི་རྗེས་སུ། ལོ་ཙཱ་གཉིས་ཀྱིས་བྱོན་ནས། ཞབས་ལ་གཏུགས་ཏེ་གདོང་མཆི་མས་གང་བཞིན་དུ་གསོལ་བ་ཡང་ཡང་བཏབ་པས། ཇོ་བོས་ཀྱང་བོད་དུ་འབྱོན་པའི་ཐག་ཆོད་ཀྱི་ཞལ་བཞེས་དང་། གཙུག་ལག་ཁང་གི་གཉེར་གཏད་ཐམས་ཅད་མཛད་དེ། གཞན་གྱི་མིག་བྲིད་པའི་ཕྱིར་རེས་གར་གཤེགས་རེས་གར་གཤེགས་པ་ལྟར་མཛད་ནས། བོོད་དུ་འབྱོན་པར་ཆས་པ་ན། སྐུ་གསུང་ཐུགས་ཀྱི་རྟེན་དང། དོས་རྣམས། སྤྲུལ་པའི་མི་གཉིས་ཀྱིས་གཡག་ཁྱུ་གཅིག་དེད་བྱུང་སྟེ། ས་ཐག་རིང་པོར་འགྲོ་བ་ལ་ཟར་སྔ་དགོས་པ་ཡིན་ཟེར་ནས་དྲངས་སོང། ནང་པར་ཇོ་བོས་གནས་