[A:༤༢བ] ལྡན་དུ་རྗེ་བཙུན་བྱམས་པའི་དྲུང་དུ་ལྷའི་བུ་ནམ་མཁའ་དྲི་མ་མེད་པ་ཞེས་བྱ་བར་གྱུར་ཏེ། བཀའ་གདམས་གླེགས་བམ་ལས། བསྐལ་བཟང་འདི་ལ་རྗེ་བཙུན་བྱམས་པའི་རྗེས་སུ་རྒྱལ་བ་སེང་གེ་འབྱོན་པར་གསུངས་པ་དེ། ཇོ་བོ་རྗེ་ཡིན་པར་བཞེད་དོ། ལྔ་པ་དེའི་རྗེས་སུ་སློབ་པའི་བཤེས་གཉེན་
བྱོན་
ཚུལ་ལ་གཉིས། རྒྱ་གར་དུ་བྱོན་ཚུལ་དང། བོད་དུ་བྱོན་ཚུལ་ལོ། དང་པོ་ནི། རྒྱ་གར། ཁ་ཆེ། ཨོ་རྒྱན་། གསེར་གླིང། མི་ཡུལ། བལ་པོ་རྣམས་སུ་དངོས་སློབ་པཎྜི་ཏ་དང། གྲུབ་ཐོབ་དང། ཉིང་སློབ་བསམ་གྱིས་མི་ཁྱབ་པ་ཞིག་བྱོན་ལ། བི་ཀྲ་མ་ལ་ཤཱི་ལར་ཡང་སློབ་མ་པཎྜི་ཏ་རཏྣཱ་ཀཱིརྟི། ཏ་ཐཱ་ག་ཏ་རཀྵི་ཏ། སུ་མ་ཏི་ཀིརྟི། བཻ་རོ་ཙ་ན་རཀྵི་ཏ། བལ་པོ་ཀ་ན་ཀ་ཤྲཱི་ལ་སོགས་པ་སུམ་བཅུ་ཙམ་ཡོད་ཀྱང། ཐུན་མོང་མ་ཡིན་པའི་སློབ་མ་ལྔ་ནི། པཎྜི་ཏ་ཆེན་པོ་པི་ཏོ་པ། དྷརྨ་ཨ་ཀ་ར་མ་ཏི། དབུ་མའི་སེར་གེ། བཤེས་གཉེན་གསང་བ། སའི་སྙིང་པོ་རྣམས་ནི་ཇོ་བོ་དང་རྟོགས་པ་བྱིན་བརླབས་མི་མཉམ་ཡང། མཁྱེན་པ་མཉམ་པ་ཙམ་དུ་གྲགས་སོ། གཉིས་པ་བོད་དུ་བྱོན་
ཚུལ་ནི། གངས་རིའི་ཁྲོད་འདིར་རབ་ཏུ་བྱུང་བ་དང། སྐྱེ་བོ་ཕལ་ཆེ་བས་ཆོས་ཐོབ་ཅིང་བཀའ་དྲིན་གྱིས་ཁྱབ་པ་ལས། དེ་རྣམས་ཀྱི་ནང་ནས། ཆོས་བརྒྱུད་འཛིན་པ་ལ། སློབ་མ་གྲགས་ཆེ་བ་བྱོན་ཚུལ་དང། སློབ་མ་མཆོག་བྱོན་ཚུལ་ལོ། དང་པོ་ནི། མངའ་རིས་སྐོར་གསུམ་ནས། ལྷ་བྱང་ཆུབ་འོད། ལྷ་ཕོ་བྲང་ཞི་བ་འོད། ལོ་ཆེན་རིན་བཟང། རྒྱ་བརྩོན་འགྲུས་སེང་གེ། ནག་ཚོ་ལོ་ཙཱ་བ། ལོ་ཆུང་ལེགས་ཤེ། མང་ཡུལ་ལོ་ཙཱ་བ་གྲགས་འབྱོར་ཤེས་རབ། འབྲོ་ལོ་ཙཱ་བ་ཤེས་རབ་འོད། ལོ་ཙཱ་བ་དགེ་བློ། ལོ་ཙཱ་བ་ཤཱཀྱ་བློ་གྲོས། གི་མི་སྒོམ་ཆེན།