[A:༤བ]པའི་ཕྱི་དེ་ལོ། གནས་རྒྱལ་པོའི་ཁབ་ནྱ་གྲོ་དྷའི་ཕུག་ཏུ། སྦྱིན་བདག་རྒྱལ་པོ་མ་སྐྱེས་སྒྲས་དགྲས་མཛད་ནས། ཚོགས་པ་དགྲ་བཅོམ་པ་ལྔ་བརྒྱས་དབྱར་གནས་མཛད་དེ། ཀུན་དགའ་བོས་མདོ་སྡེ། ཉེ་བ་འཁོར་གྱིས་འདུལ་བ། འོད་སྲུངས་ཆེན་པོས་མངོན་པ་རྣམས་
བསྡུས་
ཤིང། དགོས་པ་ལྷ་རྣམས་ཀྱིས་འཕྱ་བ་བསལ་བ་དང། བསྟན་པ་ཡུན་རིང་དུ་གནས་པའི་ཕྱིར་དུ་བཀའ་བསྡུ་དང་པོ་མཛད་དོ། གཉིས་པ་ནི། དུས་སྟོན་པ་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་བཅུ་ན། གནས་ཡངས་པ་ཅན་དུ། སྦྱིན་བདག་ཆོས་རྒྱལ་མྱ་ངན་མེད་ཀྱིས་མཛད་དེ། ཚོགས་པ་དགྲ་བཅོམ་པ་བདུན་བརྒྱ་འདུས་ཏེ། དགྲ་བཅོམ་པ་གྲགས་པ་དང། ཐམས་ཅད་འདོད་ལ་སོགས་པས་སྡེ་སྣོད་གསུམ་ཞལ་འདོན་དུ་མཛད་དེ། དགོས་པ་རུང་བ་མ་ཡིན་པའི་གཞི་བཅུ་བསལ་བ་དང། བསྟན་པ་ཡུན་རིང་དུ་གནས་པའི་ཕྱིར་བཀའ་བསྡུ་གཉིས་པ་མཛད་དོ། བསྡུ་བ་གསུམ་པ། ལུང་ན་མེད་པས་མི་མཐུན་པ་མང་ཡང་ཡོངས་སུ་གྲགས་པ་ནི། དུས་སྟོན་པ་གཤེགས་ནས་ལོ་སུམ་བརྒྱ་ན། གནས་ཁ་ཆེའི་ཡུལ་གྱི་དགོན་པ་ཀུན་པ་ན་ཞེས་པར། སྦྱིན་བདག་ཛ་ལནྡྷ་རའི་རྒྱལ་པོ་ཀ་ནི་ཀས་བྱས་སྟེ། ཚོགས་པ་དགྲ་བཅོམ་པ་ལྔ་བརྒྱ། བ་སུ་མི་ཏྲ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་ལྔ་བརྒྱ། སོ་སོ་སྐྱེ་བོའི་པཎྜི་ཏ་ཁྲི་དྲུག་སྟོང་འདུས་ནས། སྡུད་པ་པོ་པུརྞ་ཀ་ལ་སོགས་པས་སྡེ་སྣོད་གསུམ་ཞལ་འདོན་དུ་མཛད་དེ། དགོས་པ་སྡེ་པ་བཅུ་བཅོ་བརྒྱད་པོ་ཐམས་ཅད་ཀྱི་གྲུབ་མཐའ་ལ་བརྟེན་ནས་རྣམ་གྲོལ་གྱི་འབྲས་བུ་ཐོབ་པར། རྒྱལ་པོ་ཀྲི་ཀྲིའི་རྨི་ལྟས་ལུང་བསྟན་པའི་མདོ་ལ་བརྟེན་ནས་སྒྲུབ་པ་དང། བསྟན་པ་ཡུན་རིང་དུ་གནས་པའི་ཆེད་དུ་བཀའ་བསྡུ་གསུམ་པ་མཛད་དོ། དེ་ཡང་སངས་རྒྱས་འོད་སྲུངས་ཛམ་འཛམ་བུའིི་གླིང་ན་བཞུགས་པའི་ཚེ། རྒྱལ་པོ་ཀྲི་ཀྲིའི་རྨི་ལམ་དུ་རས་ཡུག་གཅིག་སྐྱེས་བུ་སྟོབས་དང་ལྡན་པས་བཅུ་བཅོ་བརྒྱད་དུ་