R161: བཀའ་གདམས་རིན་པོ་ཆེའི་ཆོས་འབྱུང་རྣམ་ཐར་ཉིན་མོར་བྱེད་པའི་འོད་སྟོང་།

  • Pagination (Witness A): ༥༠ན
[A:༥༠ན] བཅས་པ་ལུང་བསྟན་ཅིང། ལས་ཅན་བརྒྱད་བཅུའི་ནང་ནས་གྲགས་ཆེ་བ་གོང་དུ་བཤད་པའི་ཁམས་པ་སྐུ་མཆེད་བཞི་དང། གཞན་ཡང་ཁམས་ནས་རྣལ་འབྱོར་པ་བྱམས་པའི་བློ་གྲོས། ཡོངས་རྫོགས་རྣལ་འབྱོར་པ། ལྷོ་བྲག་ནས་རྣལ་འབྱོར་པ་ཕྱག་ཁྲི་མཆོག། བཙུན་པ་དགེ་སྐྱོང། བི་རི་རྣལ་འབྱོར་པ། སྟོང་བཙན་ན་མགོ ཀྱུ་ར་གཞོན་ནུ་འོད་ཟེར། ལྷབ་མི་ཤེས་རབ་གཡུང་དྲུང། སྒོམ་པ་རིན་ཆེན་བླ་མ། གཙང་པ་ཇོ་པད། ཀ་བ་རྒྱ་དཀར། མར་པ་ཇོ་ལེགས། བྲན་ཀ་ཇོ་བཙུན། སུམ་སྒོམ་དབང་ཕྱུག་འོད་ཟེར། རྣལ་འབྱོར་པ་གཡུང་དྲུང་རྒྱལ་མཚན་ཏེ་འདི་རྣམས་ཇོ་བོ་དང་སྟོན་པ་ཐུན་མོང་བའི་སློབ་མ་ཡི་དམ་གྱི་ལྷ་ཞལ་གཟིགས་པ། སྐྱེས་བུ་ཆེན་པོའི་ལམ་ལ་ཞུགས་པ་ཤ་སྟག་གོ སྲས་ཀྱི་ཐུ་བོ་སྐུ་མཆེད་གསུམ་ཡིན་ལ། ཁ་ཅིག་ཁམ་པ་ལུང་པ་དང་སྐུ་མཆེད་བཞིར་ཡང་འདོད་དེ། འདིས་ཡུང་བའི་ཁམ་ལུང་དུ། དགོན་པ་བཏབ་འགྲོ་དོན་མཛད་ཅིང་ལོ་དགུ་བཅུ་རྩ་གཅིག་བཞུགས། གཞན་ཡང་ཞང་ཡེ་ཤེས་རྒྱལ་མཚན། བྲག་རྒྱབ་པ་གཉན་སྟོན་ཤཀ་འབྱུང། མངའ་རིས་འདུལ་འཛིན། རྒྱུག་པའི་ཞང་ཆེན་པོ། རྣམ་ཐར་གཙང་མའི་ཀ་ཀྱོག་པ་ཆེན་པོ། འཛིན་སྒོམ་ཡོན་ཏན་འབར། སྒྲོ་བྱང་ཆུབ་ཚུལ་ཁྲིམས། ཨ་མི་ཐར་པ་རྒྱལ་མཚན། ཨ་མེས་སྨན་རྒན་ལ་སོགས་པ་དེ་རྣམས་བཤེས་གཉེན་སྟོན་པའི་སློབ་མ་ཐུན་མོང་མ་ཡིན་པ་གྲགས་ཆེ་བ་རྣམས་ཡིན་ནོ། དེ་ལྟར་སློབ་མ་རྣམས་སྨིན་པར་མཛད་དེ་ལོ་དགུར་བསྟན་པའི་མངའ་བདག་མཛད་ནས། དྲུག་བཅུ་རྩ་གཅིག་ས་འབྲུག་ལོ་ཚུལ་ཞུགས་ཟླ་བའི་ཚེས་ཉི་ཤུ་ལ་ར་སྒྲེང་ནས། རྗེ་བཙུན་བྱམས་པའི་དྲུང་ན། ཇོ་བོ་ལྷའི་བུ་ནམ་མཁའ་དྲི་མ་མེད་པ་ཞེས་པའི་དྲུང་དུ་གཤེགས། བཀའ་གདམས་གླེགས་བམ་ལས།་སྟོན་པ་ལྷའི་བུ་རྒྱལ་བ་རྒྱ་མཚོ། ཀ་བ་ཤཱཀྱ་དབང་ཕྱུག། ལྷའི་བུ་ཤཱཀྱ་དྲི་མེད། རྔོག་ལེགས་ཤེ། ལྷའི་བུ་ཤེས་རབ་སྒྲོན་མ། ལོ་ཙཱ་བ་ནག་ཚོ་