R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༡༣༢
[A:༡༣༢]མང་པོ་མཛད། རབ་འབྱམས་པ་ཁམས་ཆེན་དུ་རློམ་པ་ཞིག་གིས། རྟག་པའི་དངོས་པོ་ཡོད། དེ་བདེ་གཤེགས་སྙིང་པོ་ཡིན། ཇོ་ནང་ཀུན་མཁྱེན་ཆེན་པོ་དེ་ལྟར་བཞེད་ཟེར་བརྒྱལ་འགྲོ་བ་ཙམ་བྱེད་ཀྱི་འདུག་པ་ལ། མི་འཐད་ཟེར་མཁན་སུ་ཡང་མི་འདུག་པས། སེམས་ལ་ཚེ་རིང་ཙ་ན་སྐད་ཆ་ཅི་ཡང་ཞིག་ཚོར་གྱི་འདུག །ཀུན་མཁྱེན་ཆེན་པོས་བདེ་གཤེགས་སྙིང་པོ་རྟག་པར་ཞལ་གྱིས་བཞེས་བདོག་སྟེ། དངོས་པོ་ཡིན་པར་མི་བཞེད། ཁོང་གིས་གསུང་རབ་ཀུན་ན། སྟོང་གཞི་རང་བཞིན་འོད་གསལ་འདུས་མ་བྱས། །གསུང་པ་ཁོ་ན་ཡོད་མོད། འདི་མི་འཐད་ཚུལ་འདྲ་ལབས་ན་རུང་བ་ཙམ་འདུག་སྟེ་གཡེམ་མ་མུ་ཅོར་གྱི་རྒྱལ་པོར་འདུག་པས་དགག་སྒྲུབ་ཀྱི་ཡུལ་དུའང་མི་འདུག་ལ། ལར་ཆོས་རྗེ་ཐམས་ཅད་མཁྱེན་པ་བུ་སྟོན་གསུང་པ་དེ་ཁོ་ན་མད། ཁོ་བོ་གཞུང་ལུགས་ལ་ཐོས་བསམ་མ་ནུས་པར་སྒོམ་ལ་ཡོངས་པ་ཡིན་པས་སྒྲོ་གླེང་བྱེད་པའི་བབ་ཐོབ་མེད། དེ་ནས་ཀྱང་ཕྱག་རྒྱ་ཆེན་པོ་བརྗོད་བྲལ་དེ་བརྗོད་བྱར་བྱས་པའི་སྒྲོ་གླེང་སོགས་དགོད་བྲོ་ལ་ཡིད་མུག་པ་ཞིག་བྱུང་ནས་ཁ་རོག་པར་བསྡད། ཨ་ཧོ་སེམས་ཀྱི་རང་ཞལ་ལྟ་བའི་ཚེ། །ཐ་སྙད་ཚིག་གི་ཟིར་ལོང་འདི་ཅི་དགོས། །ཐ་སྙད་བསླབ་ཚེ་སྟོང་ཉིད་དོན་དུ་གཉེར། །སྟོང་ཉིད་སྒོམ་དུས་ཐ་སྙད་ར་མདར་འབོད། །རྒྱལ་བས་ལུང་བསྟན་ཀུན་མཁྱེན་ཇོ་ནང་པ། །འགའ་འདུས་སྐྱོན་མེད་གྲུབ་མཐའ་བཞེད་ལགས་མོད། །གཙང་དག་བདེ་དང་རྟག་པའི་མཐར་ཐུག་པའི། །བདེ་གཤེགས་སྙིང་པོ་དངོས་པོར་བཞེད་རེ་སྐན། །དེར་གསུང་ཆོས་རྣམས་རེ་ཞིག་རྫོགས། ངེད་ཕྱིར་འོང་ཁར། ཁྱབ་བདག་གཅུང་སྨྱོན་ཆོས་ཀྱི་རྒྱལ་པོ་ཉིད་ཀྱི་བཞུགས་