R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༡༣༣
[A:༡༣༣]གདན་ལ་ངེད་སྡོད་དུ་བཅུག །གནང་སྦྱིན་མང་པོ་མཛད། གོས་ཅན་གྱི་སྒོམ་ཞྭ་ལེགས་པོ་ཞིག་ཕྱག་ལ་དར་ནས་མགོ་ལ་སྦྲན་ཏེ། ད་ལམ་འབུལ་བའི་གཙོ་བོ་འདི་ཡིན། མི་མང་ས་དང་ཁྲོམ་དབང་སོགས་ཀྱི་ཚེ་ངེས་པར་བཞེས་པར་ཞུ་གསུང་བ་དང༌། སེམས་ལ་ང་རང་ལ་རྩ་བའི་ཆ་ལུགས་ཞིག་ཡོད་པ་བོར་བས་ཡོང་བ་མེད་སྙམ་པ་ཤར་ནའང༌། བླ་མ་གཅིག་དང་རྟེན་འབྲེལ་འཕྱུགས་ན་བླ་མ་ཐམས་ཅད་སྲོག་གཅིག་པས་སྦལ་པ་རྨ་ཅན་བཞིན་འགྱུར་བར་བཤད་པ་དེ་དྲན་ནས་ད་ལམ་ཁས་བླངས། ཕྱིས་སུ་མི་ནུས་གང་ཡིན་ཚིག་གིས་སྦྱངས་པས་ཆོག་སྙམ་ནས། དེ་ག་བགྱིད་ཞུས་པས་ཐུགས་མཉེས་པའི་རྣམ་འགྱུར་མང་པོ་ཞིག་མཛད་ཀྱི་གདའ། བཀའ་བརྒྱུད་བསྟན་པའི་གཙུག་རྒྱན་གཅུང་སྨྱོན་དེས། །དོན་བརྒྱུད་ཕྱག་ཆེན་གནས་ལུགས་རང་ངོ་སྤྲད། །སྒྲུབ་བརྒྱུད་བསྟན་པའི་བདག་པོ་ཁྱོད་འོས་ཞེས། །ཆིག་བརྒྱུད་གདམས་པའི་གནད་འགའ་ལྷུག་པར་བསྟན། །བསྟན་པ་རྟགས་ཀྱིས་འཛིན་ཕྱིར་འདི་གྱོན་གསུངས། །གསུང་ནན་དང་བཅས་སྒོམ་ཞྭ་ལེགས་པར་སྩལ། །སྩལ་མོད་རྩ་བའི་གྲུབ་མཐའ་མ་ཟིན་ན། །ན་ཚོད་རྒས་ཀྱང་བྱིས་པ་ཡིན་ནམ་སྙམ། །བླ་མ་དེ་དྲིན་ཆེ་བ་ཞིག་ཡིན་པས་བཀའ་བཅག་ཏུ་མི་རུང་སྙམ། དེ་སྐབས་ཚུར་ལམ་རིན་སྤུངས་ཞབས་དྲུང་སོགས་མི་འཚོགས་ཆེ་ས་ཐམས་ཅད་དུ་སྒོམ་ཞྭ་དེ་གྱོན་པས། ཞྭ་མོ་ཚུན་འགྱུར་བ་འདྲ་གསུང་སྐུ་རྩེད་མཛད་པ་ཁ་རེ་བྱུང་བ་ན་དེ་གའི་འདོད་ལན་བཏབ། སེམས་ལ་གྲུབ་མཐའ་འགྱུར་བ་མི་བདོག་པས་སླའམ་སྙམ་པ་ཁོ་ན་བྱུང་མོད། ངེད་རང་གི་གྲ་པ་