R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༡༣༥
[A:༡༣༥] ད་ཕྱིན་དབུ་ཞྭ་འདི་བཞེས་ནས། གཞན་ཕན་མཛད་པ་ཞུ། གདུལ་བྱ་ཡང་འདི་རང་ཆེ་བ་ཡོང་བ་གདའ་གསུང་འཛུམ་མང་པོ་ཞིག་མཛད་ཅིང་ཐེགས་སོང་བ་ན། གཉིད་སད་པའི་ཚེ་བླ་མ་གྲུབ་ཐོབ་དེའི་ཞལ་རས་མིག་སྔར་འབྲལ་མི་ཕོད་པ་ལམ་ལམ་ཤར། སྐད་ཀྱིས་བརྣངས་པར་ངུས། ཁྱོད་ཀྱི་བདེ་ཆེན་ཡེ་ཤེས་སྐུ། །བརྙེས་ཚེ་སྐལ་དམན་བདག་གི་བསམ་པ་ཇི་ལྟ་བར། །ལེགས་པར་འདོམས་པའི་བརྡ་དང་གསུང་དབྱངས་བསྟན། །སྐུ་དྲིན་དྲན་ནོ་ད་དུང་ཐུགས་རྗེས་སྐྱོབས། །མོས་གུས་ལྟ་ཕྱིར་ཁས་ཕྱུག་མ་སོང་བས། །རྨི་ལམ་ཞལ་མཐོང་བརྡ་ཐབས་ཟབ་མོ་བསྟན། །ལྟོ་ཕྱིར་མོས་མོས་བྱེད་པའི་ཟོག་རྒན་འགས། །ད་ཕྱི་བསྐལ་པར་ཞལ་བཟང་མཐོང་རེ་སྐན། སྔར་གནང་བའི་སྒོམ་ཞྭ་དེ་གླང་ལོ་ཤོར། ཞི་བར་གཤེགས་པའི་དུས་བྱིན་རླབས་རྟེན་ལ་གདུང་བརྒྱུད་རིན་པོ་ཆེས་དབུ་ཞྭ་སྒོམ་ཞྭ་ཞིག་གནང་འདུག་པའང༌། མི་སྣ་ཚོས་ལམ་བར་དུ་སྐྱུར་ནས་ལག་དུ་འཕྲོད་མ་བྱུང་མོད། བླ་མ་བསླུ་བ་མེད་པ་འདི་ཉིད་ཀྱིས་རྟེན་འབྲེལ་ཅིག་སྒྲིགས་པར་གོར་མ་ཆག །འོན་ཀྱང་ཁོ་བོ་ཅག །དེང་སང་གི་བླ་སྒུབ་ཁ་ཅིག་ལྟར། ལྟོ་བ་ན་མ་རེ་དང༌། རྫོགས་པའི་བྱང་ཆུབ་ཚོད་མི་བྱེད་པས། བླ་མ་དེའི་སྐུ་དྲིན་བསབ་ཕྱིར་བླ་མ་དེ་ལས་ཐོས་པའི་གདམས་ངག་རྣམས་ལ་ཐོས་བསམ་དང༌། བཤད་སྒྲུབ་ལ་སོགས་པ་བསྟན་པ་གསལ་བར་བྱེད་པའི་བགྱི་བ་ནི་མ་ཉམས་པར་བགྱིད་པ་འདི་ཡིན་ནོ། །ར་ལུང་ནས་འཁོར་ནས་རིང་པོ་མ་ལོན་པར་ཁྱི་ལོ་ཟླ་བ་བདུན་པའི་ཚེས་བཅུ་ལ་ཕ་རྒན་གྲུབ་པ་