R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༡༤༥
[A:༡༤༥]ཞིག་ཡོད་པ་དེ་དུས་ཀྱི་མཐར་ལྷུང་བ་ལ་བརྟེན། གློ་བུར་དུ་འཇིགས་ཤིང་སྟབས་པས་ཡུལ་འཁོར་ནོར་རྫས་ཐམས་ཅད་བོར་ཏེ་གཙང་པོ་ལྷོ་བརྒྱུད་དུ་མཚན་མོ་གཅིག་ལ་སླེབས་པར་བགྱིས། རིམ་གྱི་དམ་པའི་བསྟི་གནས་ཆོས་ལུང་དགོན་པར་སླེབས། མཁན་ཆེན་རིན་པོ་ཆེ་དཔོན་སློབ་རྣམས་ཀྱི། ངེད་དེ་པའི་དུས་ཀྱི་སྣང་ཚུལ་ལ་མ་སྙས། དང་ཐོག་གི་ཚུལ་དགོངས་ནས་བརྩེ་སྐྱོང་བསམ་གྱིས་མི་ཁྱབ་པར་མཛད། གཟུངས་སྒྲུབ་ཁང་པ་བྱ་བར་བསྡད། ཞི་བར་གཤེགས་པ་དེའི་ཐུགས་དམ་གྱི་སྙིང་པོ་དཔལ་འཁོར་ལོ་སྡོམ་པ་ལཱུ་ཧི་པའི་རས་བྲིས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་དགུང་ཞག་གི་བར་དབང་བསྐུར་བ་རྒྱས་པར་འབུལ་བ་སོགས་སྐུ་སྡིག་སྦྱོང་བའི་ཐབས་བགྱིས་མོད། འདི་ཉིད་བསྐྱེད་རྫོགས་ཀྱི་ཐུགས་དམ་ལ་གསལ་སྣང་ཐོབ་པ་ཞིག་ཡོད་པས། མཚམས་སྦྱོར་ངན་པས་རྒྱུད་དཀྲུགས་ཀྱང༌། གསལ་དངས་རྫིང་བུར་རྡོ་རྒྱབ་བཞིན། །སྔར་གྱི་གནད་ཀྱིས་བར་མ་དོར། །ཞེས་གསུངས་པ་བཞིན། བར་དོར་གྲུབ་མཐའ་སྙོག་པར། དམ་པ་བསླུ་བ་མེད་པ་གསུམ་ཞལ་འཛོམ་བྱུང་བས་དེ་ལ་ལྟོས་པར་མི་གདའ་ནའང༌། ངེད་རང་གི་སྐུ་དྲིན་གསོ་བ་ཕྱོགས་སུ་འདུག་པས་བགྱིས་པ་ཙམ་ཡིན། ཆོས་ལུང་དེར་ཤས་ཆེར་མཚམས་བྱས། ཕ་བླ་མ་ཚར་པ་ཆོས་རྗེ་དེའི་སྐུ་དྲིན་གྱིས། སྐྱིད་སྡུག་ཐམས་ཅད་དགེ་སྦྱོར་དུ་བསྲེལ་ཐུབ་ཙམ་བདོག་པས་སྐྱིད་པ་ཡང་བྱུང༌། ལུགས་གཉིས་ནས་རྣམ་གཡེང་མེད་པས་དགེ་སྦྱོར་ཀྱང་ཤིན་ཏུ་འཕེལ་