R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༡༤༦
[A:༡༤༦]བ་ཞིག་བྱུང་བ་ཡིན་ནོ། །དེར་མཁན་ཆེན་རིན་པོ་ཆེ་ལས། ཚེ་དབང་དང་རྣམ་སྲས་ཀྱི་རྗེས་གནང་ཞིག་ཐོབ། རྗེ་བླ་མ་ཀུན་བཟང་མཐུ་སྟོབས་ཀྱི་ཞབས་ལས་མི་ཏྲ་ཁྲིད་དྲུག་སོགས་ཆོས་ཁ་ཡར་ཐོབ། ལོ་དེའི་ཟླ་བ་བཅུ་གཅིག་པའི་གནམ་གང་ལ་རྗེ་བླ་མ་ངེས་པར་གྲུབ་པ་དཀར་རྩི་རྟོགས་ལྡན་དེ་ཞི་བར་གཤེགས་པའི་ཞལ་ཆེམས་སུ་བདག་པོས་གསུང་བ་ཡོད་འདུག་པ་བཞིན་འབོད་དུ་བྱུང་བས་བླ་མའི་དམ་ཚིག་ལ་བསམས་ནས་ཕྱིན། སྐུ་གདུང་རིན་པོ་ཆེ་ཞུགས་ལ་འབུལ་བ་དགོངས་རྫོགས་ཀྱི་གསོལ་འདེབས་སོགས། གང་ཅི་ཐམས་ཅད་ཐུགས་དགོངས་རྫོགས་ངེས་ཤེས་པ་བསྒྲུབས་མོད། དེའི་ཚེ་རྟོགས་ལྡན་པ་རྣམས་ཀྱི་མཛད་སྤྱོད། མོས་གུས་ཐམས་ཅད་ཀྱི་སྣང་ཚུལ་ངེས་པར་བྱུང་བ་དེ་ལགས་སོ། །དེར་ཁོང་རྣམ་པ་ཟ་བ་ལ་མ་འཆམ་པར་ནང་འཐབ་མང་པོ་བྱས་པའི་གྲིབ་ཀྱིས་ཁམས་ཉོག་ལ་རྒྱུད་འཁྲུག་པ་ཤིན་ཏུ་མ་བདེ་བ་ཞིག་ནས་ཕྱིར་ལོག །བྲེས་གཤོངས་སུ་ཞག་སྡོད་བྱས་པའི་གནས་ཚང་དེ། རིག་འཛིན་ཆེན་པོ་བསྟན་གཉིས་གླིང་པའི་དབོན་པོ་ཡིན་པར་གདའ་བས། ཁོང་གི་ཕྱག་ན་རིག་འཛིན་ཆེན་པོའི་སྐུ་འདྲ་ཕྱག་ནས་མ་ཞིག་འདུག་པ་དེ་ལ་བྱིན་རླབས་ཞུས་མ་ཐག་མ་བདེ་བ་ཐམས་ཅད་སྦྲུལ་གྱི་ཤུན་པ་བརྗེས་པ་བཞིན་སངས་ཀྱིས་དག །སེམས་ལ་འགྱུར་བ་ཆེན་པོ་ཞིག་ཀྱང་བྱུང་