R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༡༤༧
[A:༡༤༧]བས། ཕྱིས་ཀྱང་ལམ་ཞོར་བྱུང་རེས་ཀྱི་མཇལ་སྙན་དར་རེ་ཕུལ་བྱས་པ་ཡིན་ནོ། །དེ་ནས་འོ་ཡུག་ཏུ་ཕྱིན་ནས་བླ་མ་དེའི་དགོངས་རྫོགས་ལ་དམིགས། སྔགས་འཆང་དབང་པོ་འོ་བྲན་རིན་པོ་ཆེའི་དྲུང་གི་དབུ་མཛད་དགེ་འདུན་ལྔ་བཅུ་ཙམ་ལ་ཤངས་པའི་ཕྱག་ཆེན་ཆོས་དྲུག་གི་ཉམས་ཁྲིད་དང༌། གཞན་གསེར་ཆོས་ལྔའི་དབང་ལུང་རྗེ་དེ་ཉིད་ལས་གང་ཐོབ་པ་ཚང་མ་དང༌། སྐྱ་སེར་སུམ་བརྒྱ་ཙམ་ལ་དགོངས་པ་ཀུན་འདུས་ཀྱི་དབང་ཁྲིད་ལུང་སོགས་བགྱིས་པ་ལས། ཞི་ཁྲོའི་དབང་གི་ཡེ་ཤེས་ཕབ་པའི་ཚེ་དགེ་བཤེས་བྱམས་པ་ཆོས་དབང་བྱ་བ་ཞིག་ལ་ཡེ་ཤེས་ཕེབས་ཏེ། སྐྱིལ་ཀྲུང་བཅས་བཞིན་དུ་མི་རྣམས་གྲལ་ལ་འདུག་པའི་སྟེང་ནས་ཡུད་ཀྱིས་འོངས་ཏེ་འཕག་པ་ལ་སོགས་ཀྱང་བྱུང༌། བུམ་པ། ནང་མཆོད། གཏོར་མ་ཐམས་ཅད་འདུ་ཁང་དེར་ཅི་གར་བཞག་པས་ཅུང་ཟད་ཀྱང་མ་འཁྱགས་ཤིང༌། ནེ་གུའི་དབང་ཞིག་གི་ངོ་སྤྲོད་ཀྱི་སྐབས་སུ་མདུན་གྱི་ནམ་མཁའ་འཇའ་འོད་སྣ་ལྔའི་དབུས་ན་ཕ་བླ་མ་རྟོགས་ལྡན་གྱི་རྒྱལ་པོ་དེ་འཛུམ་ཡེ་རེ་བཞུགས་ནས་ངས་བྱིན་གྱིས་རླབས་ཀྱི་ཡོད་གསུང་བའི་ཉམས་སྣང་གསལ་པོ་ཞིག་ཀྱང་བྱུང༌། སླར་ཆོས་ལུང་དུ་འོངས་ནས་ལོ་སོ་གཅིག་ལོན་པའི་སྟག་ལོ་ཟླ་བ་དང་པོ་ནས་ཟླ་བ་བཞིའི་བར་མཚམས་ངེས་པ་ཅན་གྱི་དགེ་སྦྱོར་བྱས་དེ་རྗེས་སྡེ་པ་རིན་པོ་ཆེ་དབང་རྒྱལ་དེ་ཆོས་དབྱིངས་སུ་ཕེབས་འདུག་པ་ནས། སྡེ་པ་རིན་པོ་ཆེ་ཞལ་བཞུགས་པ་འདིས་བདག་ལ་ལན་མང་པོར་ཐུགས་ལ་བཏགས། བརྩེ་བས་བསྐྱང༌། བྱམས་པོ་ཡང་དག་མཛད་པའི་དྲིན་ཅན་ཞིག་ཡིན་པས། གསོལ་ཇ་ཞིག་མ་ཞུས་ན་མི་བཏུབ་སྙམ་མཇལ་དུ་