R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༡༥༦
[A:༡༥༦]སྒེར་དུ་ཆོས་མང་པོ་ཕུལ། ཞ་ལུའི་ཤར་ཆོས་ལུང་དགོན་པ་ན་བཞུགས་པའི་རྒྱལ་ཡུམ་དབང་མོ་དང་མཇལ་བའི་སྣེ་སྦྱོར་ཞུས་པ་བཞིན། སྐུ་མཚམས་དམ་པོ་ཡོད་འདུག་ནའང་བརྩེ་བས་བཟུང་སྟེ་མཇལ་ཁ་བྱུང༌། མཇལ་མ་ཐག་སེམས་འདི་ཡིན་གྱི་ཏིག་པོ་ཅི་ཡང་མེད་པའི་ཧང་ངེ་བ་ལ་ལུས་ཀྱང་ཡང་ཆོད་དེ་བ་མཆི་མ་བུན་བུན་པ་ཞིག་མ་གཏོགས་གང་ཡང་མ་བྱུང༌། བདག་གི་ལག་པ་གཉིས་ནས་བཟུང་སྟེ་ངས་ན་ནིང་དེ་ནས་བསྒུགས་ཏེ་ཁྱེད་ད་བར་མི་འབྱོན་པ་ལ་ངོ་ཚ་ལ་གསུང་ཇ་སྦྱོར་ཁ་རེའི་བར་ལག་པ་ཕྱག་གིས་མ་བཏང་སེམས་ཉིད་ངལ་བསོ་ཞིག་ཞུས་པས། བུ་ཉོན་ཁྱོད་གང་རྣམ་པར་རྟོག་ཅེས་སོགས་ཀྱི་ཤོ་ལོ་ཀ་འདི་ལ་བརྒྱད་སྟོང་པ་དང་སྦྱར་བའི་བཤད་པ་རྒྱས་པ་ཞིག་དང༌། བླ་མའི་རྣལ་འབྱོར་ཞིག་གནང་ལྟ་བ་ནམ་མཁའ་ལྟ་བུའི་ངང་ནས་ཆོས་སྤྱོད་སྒྱུ་མ་ལྟ་བུ་བྱ་བ་ཡིན་པས་ཐུགས་དམ་སྤྲོས་བཅས་གཙོ་བོར་བཏོན་པས་སྤྲོས་མེད་ཀྱི་ཡེ་ཤེས་ཤུགས་ལས་འབྱུང༌། ངས་བརྒྱད་སྟོང་པ་ལ་རྒྱུན་དུ་ངག་འདོན་བྱས་པས་གནས་ལུགས་ལ་ངེས་པ་རྙེད་པ་ཡིན། བསྟན་པ་ནུབ་ལ་ཐུག་གདའ་བས་འཆད་ཉན་གཙོ་བོར་མཛོད་བསྟན་པ་ལ་སུས་ཕན་མི་ཤེས་པས་སྤྲང་པོ་དང་བླ་ཆེན་ཚོ་ཆོས་སྐལ་མཉམ་པོར་སྦྱིན། ལྟ་གྲུབ་མཐོན་པོའི་ཁ་ཁྱེར་གྱིས་ལས་འབྲས་མ་མཐོང་ན་བསླུ་བས་ཕྱི་ཚུལ་ཐེག་དམན་གྱི་སྤྱོད་པས་གཞི་བཟུང་ངེས་དོན་གྱི་ཐུགས་དམ་ལ་འབུངས་རྒན་མོའི་སྙིང་གཏམ་ཡིན་ནོ་གསུང་ཞིང་སྤྱན་ཆབ་བྱོན་ངེད་དེར་འདུས་ཐམས་ཅད་བླ་མ་དེའི་མདུན་ན་ཡོད་རིང་སེམས་རྟོག་མེད་དུ་ཧད་དེ་མིག་མི་འཛུམ་