R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༡༨༠
[A:༡༨༠]ཞིག་ཡིན་པ་ལ། རྩ་འཆམས་སོགས་བྲོ་བའི་རྩེད་སྣ་ལྟར་སོང་བའི་དམ་ཅན་རྣམས་ཀྱང་མཉེས་རྒྱུ་མེད་པའི་ལྟས་ཁོ་ན་ཡོང་བ་ཞིག་འདུག་པ་ནས་ནན་གྱིས་ཕུལ། སླར་ཞ་ལུ་ཉིད་དུ་རང་ལོ་སོ་བདུན་ལོན་པ་སྤྲེལ་ལོ་ཟླ་བ་དང་པོ་ནས་གཉིས་པའི་བར་བསྡད་དེ། སྡེ་སྣོད་དང་རྒྱུད་སྡེའི་དོན་ལ་སྨྲ་བ་བསླབ་གསུམ་པ་དང༌། སློབ་དཔོན་རྩེ་མོ་བའི་དྲུང་སོགས་གཞི་བྱེས་ཀྱི་སྣོད་ལྡན་ཁ་ཅིག་ལ་དཔལ་གསང་བ་འདུས་པ་མི་བསྐྱོད་རྡོ་རྗེའི་དབང་སྔོན་དུ་འགྲོ་བའི་ཟབ་ལམ་རིམ་ལྔའི་དམར་ཁྲིད་ཤིན་ཏུ་རྒྱས་པ་ནག་ཁྲིད་སོགས་ལུང་རྫོགས་པ་དང༌། ལྕེའི་སྔགས་འཆང་དབང་པོ་ལུགས་གཉིས་ནས་མཁྱེན་པ་རྒྱས་པ་དོན་ཡོད་རྡོ་རྗེས་ཞུས་ནས་སྐལ་ལྡན་ཁ་ཅིག་རང་བཞིན་རྫོགས་པ་ཆེན་པོ་དགོངས་པ་ཟངས་ཐལ་གྱི་དབང༌། ཁྲིད་ལུང༌། བཀའ་སྲུང་དང༌། རྡོ་རྗེ་སློབ་དཔོན་གྱི་གཏད་རྒྱའི་བར་ཡོངས་སུ་རྫོགས་པ་བུམ་པ་གང་འབྱོར་ཕུལ་བའི་དུས་ནུབ་ཅིག་རྨི་ལམ་དུ་བུད་མེད་སྨུག་མོ་འཇིགས་སུ་རུང་བ་རྨ་བྱའི་སྒྲོ་ཐུལ་ཁྲ་བུན་ནེ་བ་གྱོན་པ་ཞིག་བྱུང་ནས་འདི་པ་སྒོམ་ནི་གཅིག་ཀྱང་མི་སྒོམ་པར་འདུག །དམིགས་པའི་གནད་ཞིབ་པོ་བསྟན་ནས་ཅི་བྱེད་ཟེར་ཅུང་ཟད་ཁྲོ་ཚུལ་སྟོན་གྱི་འདུག་པ། བཀའ་སྲུང་ཨེ་ཀ་ཛ་ཏིའི་ཆོ་འཕྲུལ་དུ་གོ །ཁོང་རང་རྣམས་ལའང་ལྷ་འདྲེ་འདི་ཚུགས་ཟེར་གྱི་གདའོ། །མ་བསྒོམས་པ་མིན་ནམ་བྱས་པས་ཀུན་སྐྱེངས་པར་གྱུར། དམིགས་པའང་ཞིབ་པོ་མ་བཤད་ཟོམ་མེ་བཞག་པ་ཡིན་ནོ། །གཞན་ཡང་དཔལ་དོན་ཡོད་ཞགས་པ་ལྷ་ཉེར་ལྔའི་དབང་ཚར་གཉིས། རྡོ་རྗེ་འཇིགས་