R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༡༨༦
[A:༡༨༦]སྡེ་དང་མཐུན་པར་ཡིད་ཆེས་པར་བསྒྲུབས། སྡེ་པ་གནས་གསར་བས་ཡོ་བྱད་མང་དུ་གནང་བ་ལ་བཞི་རྟེན་རབ་སྟོན་ཡང་རྒྱ་ཆེར་བགྱིས་ལ་བཞིན་བཀྲ་ཤིས་པའི་དགེ་མཚན་དུ་མ་ཡང་ལྷུན་གྲུབ་ཏུ་བྱུང་སྟེ་བསྟན་པ་ལ་བྱ་བ་བགྱིད་པའི་དབུ་འདི་ནས་བརྩམས་པ་ཡིན་ནོ། །ཚུར་ལམ་ལྷ་ལྔ་རྫོང་དུ་ཞག་གཉིས་ཙམ་བསྡད་དེ། ལུགས་གཉིས་ལ་མཁྱེན་པ་ཡངས་པ་སྡེ་པ་རིན་པོ་ཆེ་སྐུ་སྐྱེ་ཡབ་སྲས་མེ་དབོན་རྣམས་ལ་དགོངས་བཞེད་དང་བསྟན་པའི་གུ་རུ་དྲག་དམར་སོགས་དབང་རྗེས་གནང་མང་དུ་ཕུལ་ཞིང༌། བསྙེན་བཀུར་འབུལ་བའང་རྒྱས་པར་མཛད། མྱུག་ཏུ་སླེབས་མ་ཐག་ནས་བཟུང་སྟེ། ཞལ་ངོ་དྲུང་སོགས་ལ་རྗེ་བཙུན་རྡོ་རྗེ་བདག་མེད་མ། ཕྱག་ན་རྡོ་རྗེ་གཏུམ་ཆེན། བདེ་མཆོག་ལཱུ་ཧི་པ། རྡོ་རྗེ་འཇིགས་བྱེད་ཆེན་པོ་ལྷ་བཅུ་གསུམ་མ། འོད་ཟེར་ཅན་མ་ལྷ་ལྔ། ཐུགས་སྒྲུབ་ཀྱི་དབང་རྒྱས་འབྲིང་བསྡུས་གསུམ་དང་པདྨ་དབང་ཆེན་ཡང་གསང་ཁྲོས་པ། ཚེ་སྒྲུབ་ཉི་ཟླ་ཁ་སྦྱོར། གསང་བ་འདུས་པ། སྤྱན་རས་གཟིགས། བཅུ་གཅིག་ཞལ་སོ་བདུན་མ། ཨ་ར་པ་ཙ་ལྷ་ལྔ་སོགས་དབང་མང་པོ། སྒྲོལ་དཀར། རྟ་མགྲིན། གཙུག་ཏོར་འབར་བ། འོད་ཟེར་ཅན། མགོན་པོ་ལྷ་ཆེན་དཔལ་འབར་སོགས་རྗེས་གནང་མང་པོ། གུ་རུ་ཆོས་དབང་གི་གཏེར་འབྱུང་ཆེན་པོ་སོགས་ལུང་མང་པོ་འབུལ་བཞིན་པའི་ངང་ནས། རྗེ་བླ་མ་གནུབས་སྒོམ་སྦས་པའི་རྣལ་འབྱོར་ལས་མི་ཏྲ་བརྒྱ་རྩའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་རྫོགས་པ་དང༌། ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་བརྒྱ་རྩའི་རྗེས་གནང་སོགས་