R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༤༡
[A:༤༡]་འང་དུམ་པ་ཡོད་པ། ཞལ་འགྲམ་ཧང་ངེ་བའི་སྟེང་ན་སྤ་བས་ཡོད་ཙམ་བྱས་པ་ཞིག་ཏུ་མཐོང༌། ངེད་ཀྱི་ཟླ་བོ་འདྲས་ནི་དེ་མིན་པ་འདྲར་མཐོང་ནི་ཟེར། རྒྱལ་བས་རྒྱལ་བའི་བསྟན་པ་གཉེར་དུ་གཏད། །གྲུབ་པས་གྲུབ་པའི་གཙུག་ལག་སྐྱོང་བར་བསྐོས། །མགོན་པོ་མགོན་པོའི་འབག་ཏུ་སྣང་བ་དེ། །མཇལ་བས་མཇལ་བ་དོན་དང་ལྡན་པར་བྱུང༌། །བཞི་ཐོག་བླ་བྲང་གི་ལྷ་ཁང་གཅིག་ཀྱང་མཇལ། གཞན་གཙུག་ལག་ཁང་མཐའ་དག་མཇལ་སྙིང་འདོད་པར་བྱུང་སྟེ་ཞག་གཉིས་ལས་མ་བཞུགས་པས་ལོང་མ་བྱུང་ཞིང༌། རྗེ་བླ་མ་གཉིས་ཕྱོགས་དེར་མ་བྱོན་པ་ཡུན་རིངས་པས་མཇལ་བ་དང་ཆོས་ཞུ་མཁན་སོགས་ཆེས་མངས་པའི་ཐུགས་བྲེལ་དང༌། ཐུགས་དམ་གྱིས་གཡེངས་གཡོག་དྲག་པའི་ཁུངས་འདྲ་ཡོད་པ་ཨ་ར་གོག་ཏུ་སོང་བས་ལྷ་ཁང་ལ་ཞེ་འདོད་མེད་པ་ཡིན་ནམ། ལབས་ཀྱང་དོ་དམ་མ་བྱས་པར་གཞན་ཅི་ཡང་མཇལ་མ་ཐུབ། ཉི་མ་གཙང་གི་ཕྱོགས་ནས་སེམས་ལྷག་མ་ལུས་པ་འདི་གཅིག་པུ་མ་གཏོགས་གཞན་ཅི་ཡང་མི་བདོག །ས་སྐྱའི་རྨོངས་ཞེན་སྙིང་ལ་གཅགས་པའི་མཐུས། །ས་སྐྱའི་ལྷ་ཁང་ཕལ་ཆེར་མ་མཁོར་བས། །ས་སྐྱར་ཕྱིན་ནས་སྟོང་ལོག་བྱས་སོ་སྙམ། །ས་སྐྱའི་ཕྱོགས་དེ་ད་དུང་སེམས་ལ་དྲན། །འདོད་སྲེད་ཅན་འགས་སྲེད་པ་ཞུགས་པ་ཡི། །གྲོགས་དེ་རིང་ན་གནས་ཀྱང་སྙིང་ལ་འཆར། །དེ་བཞིན་དཔག་ཚད་དུ་མས་མཚམས་ཆོད་ཀྱང༌། །མ་བསྒྲིབས་ཡིད་ཀྱི་ཡུལ་ན་ལམ་མེར་གདའ། །དེ་ནས་དྲུག་པ་རྡོ་རྗེ་འཆང་དང་དབྱེར་མེད་པའི་རྗེ་བཙུན་ས་སྐྱ་པ་ཡབ་སྲས་རྣམས་ཀྱིས་རྣམ་པར་གྲོལ་བའི་ཡེ་ཤེས་