R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༦༥
[A:༦༥]བྱེད། གཞི་བྱེས་ཕྱི་ནང་མེད་དུ་སྐུར་པ་ཁོ་ན་འདེབས་པ་འདི་ཚོ་མཐོང་ཙ་ན་ང་རང་གི་དེ་དུས་ཀྱི་བསམ་སྦྱོར་དེ་ལ་སྐྱོན་ཡེ་མ་བྱུང་བ་འདུག་གོ་བཅད་སྙམ་དགའ་སྤྲོ་དུང་དུང་བ་སྐྱེའི་གདའ། དེ་ལྟར་བྱས་པའི་རྟེན་འབྲེལ་མ་འཕྱུགས་པ་ཡིན་ཡོང༌། བླ་ཆེན་དམ་པ་འདི་ལས་ཕྱིས་སུ་ཆོས་ཀྱི་སྐུ་དྲིན་བསམ་གྱིས་མི་ཁྱབ་པ་ཞིག་ཐོབ་པ་ཡིན་ནོ། སྐྱེ་བོ་དམན་དང་དམ་པའི་ཁྱད་པར་དག །བྱས་པ་ཤེས་དང་མི་ཤེས་འདིས་འབྱེད་ཅེས། །སྔོན་བྱོན་མཁས་པས་བསྒྲགས་པ་ལ་དཔགས་ན། །ཐ་ཆད་བདག་ཀྱང་དམ་པ་ཡིན་ཚོད་འདུག །འདུག་མོད་ཁྱོད་ཀྱི་ཡོན་ཏན་ཉིན་སྐར་མཚུངས། །མཚུངས་མོད་སྐྱོན་གྱི་རྣམ་གྲངས་བསམ་ལས་འདས། །འདས་ཀྱང་དམ་པར་རློམ་པའི་མ་རབས་ཁྱོད། །ཁྱོད་ལ་སྐུར་འདེབས་བྱེད་མཁན་འདི་རང་མཁོ། །མཁོ་ཡང་མཁོ་སྟེ་མང་ཡང་མང་ངེས་ཤེས། །ཤེས་ལྡན་གཟུར་གནས་ཀུན་གྱིས་བཀུར་སྟིར་བྱས། །བྱས་ཤེས་དམ་པ་དུ་མས་ལན་བརྒྱར་བསྔགས། །བསྔགས་འོས་མཁས་པའི་དྲུང་ན་བདག་རེ་མཛེས། མདོར་ན་ལོ་འདི་ཡན་གཙོ་བོར་བླ་མ་རྡོ་རྗེ་འཆང་ཆེན་པོ་དེ་ཉིད་ཟླ་རེ་ཟླ་གཉིས་མ་གཏོགས་སྐད་ཅིག་ཀྱང་མ་བྲལ་བར་བསྟེན། བླ་ཆེན་འཇམ་པའི་དབྱངས་ཉིད་ལུས་དང་གྲིབ་མ་བཞིན་དུ་བསྟེན་ནས་ཅི་བྱས་ཆོས་སུ་སོང་བ་ཞིག་ཡིན་ལ། བདག་གི་བླ་མ་འདི་ཉི་མ་ཕྱེད་ཡན་ཆད་ཐུགས་དམ་ཁོ་ན་ལ་བཞུགས། དེ་ནས་གསུང་ཆོས་གསུང་པ་སོགས་མཛད། རྒྱུན་