R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A):
[A:༨]ཞིང༌། མི་བྱེད་དགུ་བྱེད་མངས་པ་འདི་ཚོས་ནི་གོང་མ་དེ་དག་གི་ཞབས་འདྲེན་པ་ལས་མི་འདུག་ནའང༌། རིགས་རུས་སྨོས་པ་དེ་ཀུན་གྱི་སྲོལ་དུ་འདུག་པས། དེའི་ལུགས་ལ། བོད་ཀྱི་རྩ་བའི་རུས་ཆེན་མིའུ་གདུང་དྲུག་ཏུ་གྲགས་པའི་ནང་ཚན། དང་པོ་ནི་འ་ཞྭ་རྗེ་ཞེས་བྱ་བ་རྒྱལ་ཕྲན་ཅིག་ཡིན་པར་འདུག་པ་ལས། ཇེ་ཞིག་ནས་བོད་ཀྱི་རྒྱལ་པོའི་མངའ་འོག་ཏུ་སོང་ཞིང༌། རྒྱལ་པོའི་དཔོན་དུའང་གྱུར། བོད་དུ་དམ་པའི་ཆོས་བྱེད་པའི་བཅའ་ཁྲིམས་མཛད་དུས་ཀྱི་ནང་རྗེ་ལ་གཏོགས་པ་ཞིག་པས། དཔོན་འ་ཞྭ་རྗེ་ཞེས་རྡོ་རིང་གི་ཡི་གེ་རྣམས་སུའང་ཐེབས་པའི་རྒྱལ་བརྒྱུད་དེ་ལས་རིམ་གྱིས་མཆེད་ནས། བསྟན་པ་ཕྱི་དར་གྱི་དབུ་ལ། འ་ཞྭ་མགོ་བོ་ཆེའི་སྲས། འ་ཞྭ་ཡེ་ཤེས་གཡུང་དྲུང་ཞེས་བྱ་བས་ཁམས་སུ་སྡོམ་པ་ལེན་དུ་བྱོན་པའི་ཚེ། དཔལ་ལྷ་སར་ཡེ་ཤེས་ཀྱི་མགོན་པོ་དངོས་དང་མཇལ། ཁྱོད་ཀྱི་མི་བརྒྱུད་ཆོས་བརྒྱུད་དང་བཅས་པའི་སྲུང་མ་ངས་བྱ། ཁྱོད་ཁམས་ནས་ཟླ་གཅིག་ལ་འཁོར་བ་གྱིས་ཞེས་གནང་བ་ཐོབ། བླ་ཆེན་པོའི་མཁན་བུ་ཀྲེའོ་མཆོག་བླ་ཞེས་བྱ་བ་ལས་སྡོམ་པ་དེར་བསམ་བྱ་བ་ཐོབ་ནས་གཙང་དུ་བྱོན། རྡ་ནི་འདྲེས་རྡས། འོ་ཡུག་མདའི་ར་ཤག །རྟག་གི་གནས་པོ་ཆེ་རྣམས་སུ་དགེ་འདུན་གྱི་སྡེ་བཙུགས་ཤིང༌། དེ་དག་ལས་གྱེས་པ། ལྡན་པ་བོ་ཐང། ཁོར་རེ་སྐྱི་སྒང༌། ཉང་རོ་བུད་མདོ། ཁུ་ལུང་ལྷགས་ཕྲལ། འོ་ཡུག་གསལ་ལ་སྒང་སོགས་སྡེ་དུམ་གྱིས་ཤིང་འཚོ་མཐུ་ཆེ་བའི་གྲགས་པ་ཐོབ། དེ་ནས་རིམ་གྱིས་འ་ཞྭ་ལྷའི་བློ་གྲོས་ཀྱིས་ལྷ་ས་ལ་ཞིག་གསོས་མཛད། ལུགས་གཉིས་ཀྱི་ཁྲིམས་བཅས། རྡོ་ཨོང་བཀྲ་ཤིས་འོད་འབར་དུ་གྲགས་པ་བཙུགས་པ་ད་ལྟའང་ཡོད་པར་གདའ། ཨ་མེས་ཇོ་སྲས་ཕུར་པ་འཕེལ་གྱིས་རྔོག་ལོ་ཆེན་པོ་བློ་