R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༩༥
[A:༩༥]བྱས་པ་ཨེ་ཡིན་གསུང་བ་ལ། ངེད་རང་ཡབ་སྲས་མ་གཏོགས་སུ་ལའང་རྒྱུས་ནི་མེད་ཅི་ཡིན་སྙམ་འཇིགས་ཞུམ་པ་ཞིག་བྱུང༌། ངེད་རང་ཚོ་གང་བྱེད་ཀྱང་བརྟག་པ་ཞུས་ནས་བྱེད་པའི་དཀྱུས་ཤིག་གདའ་བས་བརྟག་པ་ཞུས་ལགས་ཞུས་པས། བཟང་པོ་བྱུང་ངམ་གསུང༌། ཤིན་ཏུ་བཟང་གི་གདའ་ཞུས་པས་བཞད་ཅིག་མཛད་དེ། ངེད་ཀྱི་རྨི་ལམ་དུ་ང་རང་གི་ཕ་ཡིན་སྙམ་པ་ཞིག་ནས་གནས་གསར་པའི་ཆོས་རྗེ་འདི་ཁྱེད་ལ་ཆོས་ཞུ་ཟེར་བརྟག་པ་བྱེད་ཀྱི་འདུག་ཆུག་པ་བྱེད་དམ། མི་ཆུག་པ་བྱེད་གསུང་གི་འདུག་པ་ལ་བསྟན་པ་ལ་ཕན་ན་ནི་ཆུག་པ་མཛོད། མི་ཕན་ན་ནི་མི་ཆུག་པ་མཛོད་ཞུས་ཏེ་བསྟན་པ་ལ་ཕན་པ་ཡིན་ནམ་ཆུག་འདུག་པ་གསུང་བས་དགའ་བ་དང་བྲེད་པ་ལྷན་ཅིག་པ་བྱུང༌། རྡོ་རྗེ་འཆང་ལ་བཞུགས་པ་རྣམས། ཞབས་དྲུང་ཉིད་དུ་གང་ཐོབ་ཐོབ་གྱིས། དེར་མི་བཞུགས་པའི་ས་སྟོངས་ངས་འགེངས་པ་ཡིན་མོད་གསུང་ནས། གྲོལ་ཁར་དཔལ་མགོན་དཀར་པོ་ཚེ་འཕེལ་གྱི་ཚེ་དབང་ཐུན་མོང་མིན་པ་དེ་ལེགས་པར་གནང༌། ཡོས་ལོ་བསྙེན་རྫོགས་ཀྱི་ལས་སློབ་ལ་གདན་དྲང་པའི་དུས། གུར་གྱི་མགོན་པོའི་དབང་ལྔ་པོ་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་ཞུས་ཤིང༌། ཁྱད་པར་སྲུང་འཁོར་བྲག་རྫོང་མ་སྙན་བརྒྱུད་ཐུན་མོང་མིན་པའི་ཁྲིད་ཉམས་ཁྲིད་ཡིད་ཆེས་པར་ཞུས། བདག་གི་ཤེས་རབ་དང་འདུན་པ་ལ་མཉེས་པའི་གསུང་ཡང་བྱོན། འབྲུག་ལོ་བདག་གི་བླ་མ་རྡོ་རྗེ་འཆང་དེའི་སྐུ་གདུང་རིན་པོ་ཆེ་མཇལ་བ་ལ་ཕེབས་བྱུང་སྐབས། ད་ང་