R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༩༨
[A:༩༨]མང་དུ་ཐོས། །ས་སྐྱའི་བསྟན་འཛིན་མཆོག་དེའི་སྐུ་དྲིན་གྱིས། །ས་སྐྱའི་བསྟན་པ་ཉིན་མོར་བྱེད་ལ་དབང༌། །དེ་ནས་ཟླ་ཕྱེད་ཀྱི་བར་གཏང་རག་ཏུ་གཏོར་སྒྲུབ་བཟབས་ཐག་ཆོད་པ་ཞིག་བྱས་རྗེས་རྗེ་བླ་མས་ཕྱག་བྲིས་སུ་མཛད་པའི་མགོན་པོ་ལྷ་བཅུ་གཉིས་མའི་དམ་ཚིག་བྲིས་སྐུ་ཞིག་ཡོད་པ་དེ་ལ་ཐུན་མོང་མ་ཡིན་པ་རབ་གནས་ཞག་བདུན་མ་བྱས་པས་མར་མེ་ཁོར་ཡུག་ཏུ་འཛིན་པ་སོགས་ཡེ་ཤེས་པ་དངོས་སུ་ཞུགས་པའི་ལྟས་དུ་མ་ཞིག་བྱུང་ངོ༌། །ལོ་ཉེར་གཉིས་པའི་སྦྲུལ་ལོ་ཟླ་བ་གཉིས་པའི་ཉེར་དགུ་ནས་བདེ་གསལ་མགོན་ཁང་དུ་མཚམས་བསྡམ་མལ་འོག་གསང་རྫས་དང༌། གཏོར་མ་གསུམ་མན་ངག་བཞིན་བཤམས། ནང་ཁྲིད་ཀྱི་བསྙེན་པ་ཟླ་བ་བདུན་གྱི་བར་དུ་མན་ངག་བཞིན་བགྱིས་པའི་ཚེ། ཤཱ་ས་ན་འབུམ་ཕྲག་གཉིས་ཙམ་སོང་བའི་ཚེ། གེགས་ཀྱི་རྣམ་པས་སྨྱོ་ལ་ཁད་ཆེན་བྱུང་བ་ན་བདག་གི་བླ་མ་རྡོ་རྗེ་འཆང་ཚར་པའི་ཞབས་དེ་གདན་མ་དྲངས་པར་འདར་ནས་བོ་དོང་རྫོང་དུ་གློ་བུར་དུ་བྱོན་བྱུང་ནས་མཇལ་བའི་ཚེ། ཞལ་རས་བྱུ་རུ་ལྟར་དམར་ཞིང་གཞོན་ཤ་ཆགས་ལ་ཞལ་རྒྱན་སོགས་ཡེ་མེད་པའི་རྣམ་པ་ཅན་ཞིག་ཏུ་འདུག་ནས། དགོད་གྲོ་སྔར་ཕན་ནི་ཞལ་རྒྱན་ཡེ་གཞོར་གྱི་མི་འདུག །ད་ལམ་གང་ཡིན་ནམ་བསམ་པ་ཙམ་བྱུང༌། མཇམ་མ་ཐག་སེམས་ལ་དགའ་སྤྲོ་དང་མོས་གུས་ཆེན་པོ་སྐྱེས། གེགས་དེ་ལ་གེགས་སེལ་ཙམ་ཡང་ཞུ་མ་དགོས་པར་དེ་ནུབ་ནས་རང་གྲོལ་དུ་སོང༌། སེམས་བདེ་ཐག་ཆོད་