R169: རྗེ་བླ་མ་རྡོ་རྗེ་འཆང་ཆེན་པོ་གཞོན་ནུ་བློ་གྲོས་ཞབས་ཀྱི་རྣམ་ཐར་ཐེག་མཆོག་ཆོས་ཀྱི་གཎྜིའི་སྒྲ་དབྱངས།

  • Pagination (Witness A): ༣༨༥
[A:༣༨༥]ཞུགས་ཀྱི་མདངས་ལ་འབུལ་འཕྲོ་རང་ལ་ཐུགས་དྲན་ཐིམ་ནས་གསུང་མ་བྱུང་བས་སྡེ་པས་གསུང་ཆེན་བཏོན་ནས་བླ་རྡོལ་དུ་གསོལ་བ་བཏབ་པས། རེ་ཞིག་སད་པ་ལྟ་བུར་སྤྱན་ཅེ་རེ་གཟིགས་ནས་དེ་འདྲ་མཛད་པ་མ་ལེགས་ད་ལྟ་མདུན་གྱི་སྟེང་འདིར་རིན་པོ་ཆེ་ཚར་པ་ཕེབས། རིམ་པས་འཁྲིས་ཀྱི་ཀ་བ་འདིའི་མགོ་ཙམ་དུ་ཕེབས་དུས་རྡོ་རྗེ་འཆང་སྐུ་མདོག་སྔོ་སྐྱ་ཁྲུ་གང་བ་ཅིག་ཏུ་གྱུར་པའི་ཚེ་དྲན་སྣང་ཐིམ་པ་ཅིག་བྱུང་དེ་དུས་རང་འགྲོས་ལ་བཏང་ན་ལེགས་པ་ལ། ད་ཟླ་བ་འདིའི་ཉི་ཤུ་ལྔ་ཚུན་ནད་འདི་ཁ་མྱོང་དགོས་པར་འདུག་གསུང་བས་སླར་ཡང་བཀུར་སྟི་ཞབས་ཏོག་ལེགས་པར་ཕུལ། སྡེ་བ་དང་ཞབས་ཕྱི་ན་ཡོད་པ་རྣམས་ལ་བཀའ་ཕེབས་སུ་ངའི་དཔེ་ཆ་རྣམས་མ་འཁྱར་བ་གྱིས། ཁྱད་པར་དུ་མགོན་པོའི་ཆོས་སྐོར་གྱི་གླེགས་བམ་རྣམས་ཆ་ཚང་དུ་བཞུགས་པ་ཙམ་ལ་ཆོས་སྐྱོང་འགོ །གསུང་གི་རྟེན་ཡིན་པས་ད་ལྟ་ནས་ངའི་ཐེལ་རྩེས་གནོན་ལ་གྱ་ཚོམས་སུ་ཁ་མ་འབྱེད། ད་ལམ་ཁམས་འཚོ་དཀའ་བས། ངའི་ཕུང་པོ་ལ་རྟོག་དཔྱོད་ཞིབ་མོ་གྱིས་ལ་མཚན་ལྟས་རྣམས་མྱོང་བ་མེད་ན་མི་ཤེས་པས་འདི་ལྟ་བུ་འབྱུང་ཞེས་ཞིབ་པར་སྩལ་ནས་མ་བྱུང་བར་དུ་སྒུལ་སྐྱོད་མ་བྱེད། རྟགས་བྱུང་འཕྲལ་འདི་ལྟར་གྱིས་ཞེས། པུར་ཆས་འཇུག་དང་གདུང་ཆོག་འབུལ་ལུགས་རྣམས་སློབ་པ་གནང༌། ཆོ་ག་ཟིན་འཕྲལ་སྦྱིན་བསྲེག་བྱས་པའི་རུས་པ་རྣམས་མ་གོད་པར་སཱཙྪ་ལེགས་པར་བཏབ་སྟེ་གཡའ་རི་མཐོ་ཞིང་གཙང་བ་ཞིག་ཏུ་སྤྱན་དྲངས། གལ་པོར་རེ་ཞིག་ཕུང་པོ་ཡོད་པ་ལ་མོས་ན་ལོ་གཅིག་ནས་སྔར་བཞིན་གྱིས་གསུང་བ་ནན་ཏན་དུ་མཛད། ཞག་བཅུ་