R169: རྗེ་བླ་མ་རྡོ་རྗེ་འཆང་ཆེན་པོ་གཞོན་ནུ་བློ་གྲོས་ཞབས་ཀྱི་རྣམ་ཐར་ཐེག་མཆོག་ཆོས་ཀྱི་གཎྜིའི་སྒྲ་དབྱངས།

  • Pagination (Witness A): ༢༧༦
[A:༢༧༦]གྱི་འཆར་སྒོ་གྲངས་མེད་པ་བྱུང་བ་རྣམས། རྟོགས་པའི་འོད་གསལ་དུ་འདྲེན་ནས་ཇེ་གསལ་དུ་གྱུར་ཏོ། །སླར་ཡང་ས་མོ་ལུག་གི་ལོ་ལ་ཀུན་མཁྱེན་གུང་རུའི་གདན་ས་ཆུ་ཤུར་དགོན་གསར་དུ་ཆོས་རྗེ་སྟོང་ར་བ་ཕེབས་ནས་གསུང་ངག་ལམ་འབྲས་དང་བཀའ་གདམས་ལྷ་བཞིའི་ཁྲིད་རྗེས་གནང་མང་པོ་མཛད་པ་གསན་བཞེས་ལ་ཕེབས་ཏེ་ཟླ་བ་བཞི་ཙམ་བཞུགས་ནས་སླར་ཕྱིར་ཕེབས་གདོང༌། འོད་དཔག་མེད་ལ་བརྟེན་པའི་བླ་མའི་རྣལ་འབྱོར་ཞིག་གསན། བླ་མ་དེའི་གསུང་ལས། ད་ནི་མི་རིང་བར་སྐུ་ཉེ་ཡོན་མཆོད་རྣམས་ལ་ནང་འཁོན་གྱི་རྟགས་དང༌། ཆག་སྒོ་ཆེན་པོ་འདུག་པས་ཉིད་ཀྱི་སྐུ་རིམ་ལ་ཆོས་སྐྱོང་གི་བསྐང་གསོ་འུར་ཆིལ་བས་གནང་ན་བར་ཆད་རྣམས་གཞན་ལ་འགྱུར་འགྲོ། ཚོགས་ཀྱི་མཁན་ཐོག་ཏུ་གདན་འདྲེན་ངེས་པར་ཡོང་བས་དེ་ལ་ཐེགས་པ་བཟང་གསུང༌། ལུང་བསྟན་གྱི་ཚུལ་གནང་བ་རྣམས་ཕྱག་ལེན་ལ་ཐེབས་པར་མཛད། ལུང་བསྟན་རྣམས་ཀྱང་ཐོག་ཏུ་ཕེབས། རྟེན་འབྱུང་དུ་ཚེ་དཔག་མེད་ལྷ་དགུའི་དཀྱིལ་ཐང་བྱིན་བརླབས་ཅན་ཞིག་གནང༌། དེ་ནས་ཕྱིར་ཕེབས་ཏེ་ཡོལ་བླ་བྲང་དུ་རིན་པོ་ཆེ་དཔོན་པོ་བར་ཁུར་བཞེས་རྣམས་སྤྲད། འདི་ནས་རི་གོང་མགྲོན་ཁང་རྩེར་སྐུ་མཚམས་དམ་པོ་ལ་ཟླ་ཤས་བཞུགས་པ་གནང༌། དགུན་དུས་ཀྱི་སྒྲུབ་མཆོད་ཚོགས་དབུ་ལ་རིན་ཅེན་གླིང་དུ་སྤྱན་འདྲེན་བྱུང་རུང་མི་ཕེབས་པའི་དགོངས་པ་གཏད་མཚམས། ནུབ་གཅིག་མནལ་ལམ་དུ་གཞི་བདག་ཇོ་གདན་གོས་བཟང་པོ་སྟོན་པའི་རྣམ་པར་བྱས་ཏེ། གསོལ་ཇ་ལྟིར་རྒྱུགས་དང་བཅས་ད་ལོ་ཕེབས་པ་རང་བཟང་བས་ཕེབས་དགོས་ཟེར་བས། སླར་ཕེབས་པར་ཞལ་གྱིས་