[A:༢༨༧]པ་ལས་གསུངས་པའི་རྡོ་རྗེའི་ཚིག་རྣམས་མཐའ་དྲུག་ཚུལ་བཞིའི་སྒོ་ནས་གཏན་ལ་ཕབ་པའི་དོན་གྱི་ཉམས་ལེན་རྒྱས་པར་ཕྱེ་ཕྱི་རྟེན་དང་དཀྱིལ་འཁོར་ལ་བརྟེན་ནས་བསྒྲུབ་པ། ནང་རྩ་གསུམ་འཁོར་ལོ་ལྔ་ལ་བརྟེན་ནས་བསྒྲུབ་པ། གསང་བ་ཡང་གསང་སེམས་ཉིད་ཀྱི་གནད་ལ་བརྟེན་ནས་བསྒྲུབ་པ་རྣམས་ལས་ཕྱི་སྒྲུབ་ཀྱི་ཕྱོགས་ཐམས་ཅད་ལ་ཐུན་མོང་དུ་དགོས་པའི་སྐུ་གསུང་ཐུགས་ཀྱི་རྟེན་བྲིས་འབུར་བཞེང་པའི་མན་ངག །ཕྱི་རྟེན་གཟུངས་གསོ་གཟུངས་འཛུགས། བྲན་སྡུད་གཤིན་རྗེ་ནག་པོའི་ཐུགས་སྒྲུབ་ལ་བརྟེན་ནས་ཐུགས་འཛུགས་པ་དང་གསོ་བའི་ཕྱག་ལེན། ནང་དང་གསང་བའི་རྟེན་བཅའ་བའི་མན་ངག །དངོས་གཞི་ཕྱི་སྒྲུབ་ཆེན་མོ་བདག་ཆེན་རྡོ་རྗེ་འཆང་ཆེན་པོས་ཕྱག་ལེན་གནང་བའི་ཤོམས་ཀྱི་བཅའ་གཞི་མ་ཉམས་པ་ད་ལྟ་མཐོང་ལྕགས་ཀྱི་མགོན་ཁང་ན་བཞུགས་པ་ལ་གཟིགས་ན་ཇི་ལྟ་བ་བཞིན་དུ་ཡོད་པས་ཡིད་ཆེས་པར་ཡོང་གསུང་བའི་ཁུངས་སྟོན་པ་གནང༌། ཞལ་ཁྲིད་ཀྱི་ཕྱག་ལེན་དུ་མའི་ཞིབ་གསེད་འཐེམས་པར་མཛད། དེ་དག་གི་སྤྱི་ཁྱབ་ཉམས་ལེན་གྱི་བཅའ་གཞིར་ཉེར་མཁོ་ཡིན་ཡང༌། གནས་སྐབས་སུ་ཟུར་བཀོལ་ལྟ་བུའི་ཚུལ་དུ་བསྟན་པ་སྒྲུབ་བདེ་ཞིང་ཁྱབ་ཆེ་བ་གཏོར་སྒྲུབ་དང༌། དམར་ཆེན་གཏོར་བཟློག །བཟློག་མདོས། དེ་དག་གི་སྐབས་ཀྱི་བགེགས་སེལ་བོགས་འདོན། གཏོར་བསྐང་མདོས་བསྐང་རྣམས་ལ་འབྱིན་འཇུག་རྒྱས་འབྲིང་བསྡུས་གསུམ་གྱི་མདོར་ལེན་ཐབས་མང་དཀའ་བ་མེད་པའི་ཚུལ་གྱིས་ཕྱག་ལེན་ཐམས་ཅད་གཏན་ལ་ཕབ། བྲམ་ཟེ་མཆོག་སྲེད་ནས། རྒ་ཨ་ཉན་དམ་པའི་བར་