R17: དཔལ་ལྡན་ས་སྐྱ་པཎྜི་ཏའི་རྣམ་ཐར་གསུང་སྒྲོས་མ།

  • Pagination (Witness A): ༡༢༠
[A:༡༢༠]དང་ཡོན་ཏན་གྱི་ཆོས་དུ་མ་ཡང་རྒྱུད་ལ་སྐྱེས་པར་གྱུར་ཏོ། །ཡང་ནུབ་གཅིག་གི་མནལ་ལམ་དུ་རྡོའི་ཁྲི་ཆེན་པོ་ཅིག་གི་སྟེང་དུ་བཞུགས་ནས་ཚོགས་པ་བསམ་གྱིས་མི་ཁྱབ་པ་ལ་ཆོས་གསུངས་ཏེ། རྟོག་པའི་དྲ་བ་རྣམ་བསལ་ཞིང༌། །ཟབ་ཅིང་རྒྱ་ཆེའི་སྐུ་མངའ་བ། །ཀུན་ཏུ་བཟང་པོའི་འོད་ཟེར་དག །ཀུན་ནས་འཕྲོ་ལ་ཕྱག་འཚལ་ལོ། །ཞེས་པ་རྣམ་འགྲེལ་གྱི་མཆོད་བརྗོད་དེ་སཾ་སྐྲྀ་ཏའི་སྐད་ཀྱིས་གསུངས་པའི་ཚེ། བླ་མའི་སྐུའི་ཕྲག་པ་གཡས་གཡོན་གཉིས་ནས་ཉི་ཟླ་གཉིས་དུས་གཅིག་ལ་ཤར་བའི་སྣང་བ་བྱུང༌། ནང་པར་རྗེ་བཙུན་གྱི་སྤྱན་སྔར་ཞུས་པས། རྗེ་བཙུན་པའི་ཞལ་ནས་དེ་ནི་འབྱུང་བར་དཀའ་བའི་རྨི་ལམ་ཡིན་པས་མཆོད་པ་དང་དགའ་སྟོན་རྒྱ་ཆེན་པོ་བྱ་བར་རིགས་དེ་ལྟར་བྱོས་ཤིག་གསུངས་ནས་མང་བསྐོལ་གཅིག་བྱས་གསུང༌། ཡང་ནུབ་ཀྱི་གྲོག་པོ་དེ་ན་མར་ཆུ་ཆེན་པོ་ཅིག་འབབ་ཀྱིན་འདུག །དེའི་གད་པའི་སྟེང་ན་ཆོས་རྗེ་རིན་པོ་ཆེ་བཞུགས་ནས་སློབ་དཔོན་བསོད་ནམས་ཀྱིས་མགུར་བཏེག་ནས་སྔགས་ཀྱི་ཆོས་མང་པོ་དབྱངས་ཀྱིས་གསུངས། ཆོས་རྗེས་གད་པ་ལ་འཛེགས་ཤིང་གསན། ཁ་ཆེར་བླ་མ་པཎ་ཆེན་ལ་ཡང་དེ་ལྟ་བུའི་མཚན་མ་བྱུང༌། ཕྱིས་གླེང་བས་ནུབ་གཅིག་པར་འདུག །དེ་ནས་རྨི་ལམ་མ་ཡིན་པར་དངོས་སུ་བྱོན་པ་ནི། ས་སྐྱ་ན་ཆོས་གསུངས་པའི་ཚེ་བྱུང་བ་བར་སྣང་དུ་བྱུང་བ་ལ་གྲག་གམ། སྙིང་གའི་འདི་ཤེད་གྲག་པ་སྙམ་བྱེད་པའི་སྒྲ་ལྷངས་ཀྱིས་བྱུང་སྟེ། ཁྱོད་ཀྱི་ཚད་མ་རྣམ་འགྲེལ་གྱི་པཎྜི་ཏ་བར་མ་ཆད་པར་སྐྱེ་བ་ཉི་ཤུ་རྩ་བདུན་བྱས་པ་ཡིན་ཟེར། ཕྱིས་ལན་ཅིག་གི་ཚེ་སུམ་ཅུ་སོ་བདུན་ཟེར་བ་བྱུང་གསུངས། གཞན་གྱི་སྐབས་སུ་སྒྲ་ཚད་སློབ་པ་ལ་རྩོལ་བ་ཙམ་མ་དགོས་ཏེ་སྔར་གྱི་བག་ཆགས་ཡོད་པ་འདྲ་ཞེས་ཡང་ཡང་གསུངས། ཡང་ཆོས་གསུང་པའི་ཚེ། བར་སྣང་ངམ་ཐུགས་ཀ་ནས་ཁྱོད་ནི་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་སྤྲུལ་པ་ཡིན། སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱིས་འདུལ་བར་མ་ནུས་པའི་སེམས་ཅན་མང་པོ་ཁྱེད་ཀྱིས་འདུལ་བར་