R171: རང་གི་རྣམ་པར་ཐར་པ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་མྱོང་བའི་གཏམ་དུ་བྱས་པ་ཟོལ་ཟོག་རྫུན་གྱིས་མ་བསླད་པ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༥༨༤
[A:༥༨༤]གྱིས་བསྐོར་བ། ལྷོ་འཁྲིས་ལ་རྐང་འཐུང་གི་དོ་ར་དང་བཅས་པ་རྣམས་ལེགས་པར་གྲུབ། མིང་དུ་སློབ་བཤད་ནོར་བུ་གླིང་ཞེས་བཏགས། ཟས་གཙང་སྲས་ལ་རྒྱལ་བྱེད་ཚལ་ཞེས་ཁང་བཟང་ཕུལ་ལ་འགྲན་པ་བཞིན། །མགོན་མེད་ཟས་སྦྱིན་སྙིང་སྟོབས་མཆོག་ལ་ཅོ་འདྲི་བྱེད་པའི་མི་དབང་ཆེ། །དགྲ་ཕྱོགས་འདར་བྱེད་རིགས་རུས་ཕུན་ཚོགས་དཔལ་རྩལ་འཛོམ་པའི་དད་ལྡན་གྱིས། །ནཱ་གཱ་རྫུ་ནར་ནོར་བུའི་གླིང་མཆོག་དད་པས་ཕུལ་འདི་ རབ་བརྟགས་གསལ་བྱེད་ཀྱི་རྒྱན། ངོ་མཚར་གནས། རང་གི་རྣམ་དཔྱོད་ཉི་མས་གདུངས་པའི་བློ་གྲོས་མིག་ལྡན་གཉིས་འཐུང་ཆེ། །ལེགས་བཤད་ཁྲུས་ལ་རིངས་པར་ཆས་ནས་སྡེ་སྣོད་རྒྱ་མཚོར་ཞུགས་པ་དེ། །ཉི་མའི་བུ་མོ་གཞུང་ལུགས་པད་མའི་ཚལ་རབ་མ་ལུས་འཇོམས་སོ་སྙམ། །རབ་རྟོག་རྒྱན་འཕྲེང་ནོར་བུའི་དོ་ཤལ་མི་དབང་མགུལ་དུ་མཛེས་གྱུར་ཅིག །ལས་དཔོན་མགྲོན་པོའི་ཚོགས་རྣམས་ལ། །བསྙེན་བཀུར་མགྲོན་གྱིས་ཚིམ་བྱེད་རྣམས། །ཅི་འདོད་འདོད་དགུས་ཚིམ་བྱས་ནས། །བདེ་བ་ཅན་དེར་བགྲོད་པར་ཤོག །ལས་བྱེད་ཕོ་མོ་འདི་དག་ཀུན། །ལུས་ངག་ངལ་བ་ཁུར་བྱས་པས། །འདི་ཕྱིར་ངལ་བ་ཀུན་སྤངས་ནས། །འཆི་མེད་གནས་བཟང་བགྲོད་པར་ཤོག །ཟས་གཙང་སྲས་དེར་གཙུག་ལག་ཁང་ཆེན་གྱིས། །རབ་དགྱེས་སྐྱེད་ཕྱེད་ཝ་ར་ཎཱ་སི་ཡི། །ཁྱིམ་བདག་དགེ་བཟང་ཡུས་ཀྱི་བརྣངས་བྱེད་པའི། །ཁེངས་པ་འཕྲོག་བྱེད་ས་སྐྱོང་འདར་ནས་རྒྱལ། །འབྲུག་ལོ་སྟོན་བྱང་སེམས་ཡུམ་ཨ་མཛེས་རྒྱལ་མོ་དང༌། དཔོན་ས་དབང་ལྡན་མ་རྡོ་རྗེ་དཔལ་མཛོམ་བུ་ཁྲིད། ཆོས་ལགས་ཆོས་བཟང་