R171: རང་གི་རྣམ་པར་ཐར་པ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་མྱོང་བའི་གཏམ་དུ་བྱས་པ་ཟོལ་ཟོག་རྫུན་གྱིས་མ་བསླད་པ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༦༢༡
[A:༦༢༡] ཆོས་རྗེ་འཛིམ་ཆེན་བསོད་ནམས་གྲགས་པ་རྣམས་དེས་སྔ་བླ་མའི་གོང་འཕང་ཐོབ་པ་རྣམས་དང༌། གཞན་ཡང་གྲྭ་ཤར་མང་པོ་བསྙེན་པར་རྫོགས་པས་མཁན་པོ་བགྱིད་པ། ས་སྐྱ་པཎ་ཆེན་གྱིས་སྡོམ་རྒྱུན་དྲི་མ་མེད་པ་ཡིན་དེ་རྗེས་དཔའ་ལྡན་བྲང་མོ་ཆེ་རུ། དགེ་སློང་ཆོས་དབང་ལེགས་པ། དགེ་སློང་དཀོན་ཅོག་རྒྱལ་མཚན། དགེ་སློང་ལེགས་བཤད། དགེ་སློང་རྗེ་བཙུན། དགེ་སློང་ཤཱཀ་སེང་སོགས་བཅུ་ཕྲག་ཡོད་པ་རྣམས་གཞི་བ། ཡ་ག་ཆོས་སྡིངས་ནས་དགེ་སློང་བཙུན་གྲགས། དགེ་སློང་ཀླུ་དབང༌། དགེ་སློང་མཆོག་གྲུབ་སོགས་མང་པོ་དང༌། ཕུ་ནས་དགེ་སློང་བཟོད་པ་སོགས་དགེ་སློང་མང་པོའི་མཁན་པོ་བགྱིད་པ་རྣམས་ས་པཎ་ནས་བརྒྱུད་པའི་སྡོམ་རྒྱུན་གཙང་མ་ཡིན། ནུབ་དགོན་ནས་ཆོས་རྗེ་ནགས་དགོན་པ་སངས་རྒྱས་རྒྱལ་མཚན་གྲང་མོ་ཆེ་རུ་ཆེད་བསྟད་བྱོན། སྔར་མདོ་ཕྱོགས་ཀྱི་སློབ་མ་ཁོ་ན་ཡིན་པའི་ཞེན་གྱི་བསྙེན་རྫོགས་ཞུ་འདོད་ཟེར་བསྙེན་རྫོགས་བྱས། སྔ་ཕྱིར་གསེར་སྲང་གང་ལྷག་ཙམ་སོགས་འབུལ་བ་ཡང་བསམ་གྱི་མི་ཁྱབ་པ་བྱས་བསྟན་ལ་ཡོངས་སུ་རྫོགས་པའི་ངུར་སྨྲིག་སྡེ། །བགྲང་བར་མི་བཟོད་མཁན་པོའི་ཆོ་ག་བགྱིས། །འདི་ཙམ་གྱིས་ཀྱང་ས་སྐྱ་པཎྜི་ཏའི། །ཚུལ་ཁྲིམས་དྲི་ཡིས་ཕྱོགས་ཀུན་ཁྱབ་གྱུར་ཅིག །བྱ་རྒོད་གཤོངས་སུ་འཆད་ཉན་ལོ་སྐོར་བྱས་པས། རབ་འབྱམས་སྨྲ་བ་གསར་འཕེལ་དྲུག་ཅུ་ལྷག་བྱུང་འདུག་ཟེར། དཀའ་བཅུ་ཡན་ཆད་གསར་འཕེལ་བགྲངས་པས་བརྒྱ་ཕྲག་ལྷག་ཙམ་ཐོན། ཡ་ག་ཆོས་སྡིངས་དང་ཆོས་གླིང་དུ་ཡང་འཆད་ཉན་བྱས་པས་བཀའ་བཅུ་དང་རབ་འབྱམས་སྨྲ་བ་སོགས་མང་དུ་བྱུང༌། རྒྱན་དྲུག་