[A:༤༦༠]ཡོད། །ཁོང་ཕྱག་བྲིས་རི་མོ་ཁྱད་པར་ཅན། །དབུ་རྒྱབ་བསྟན་བྲིས་པའི་རི་མོ་ནི། །ཁོང་ས་སྐྱ་འཇམ་དབྱངས་ཞལ་བསྟན་ནས། །ཆོས་ཕ་རོལ་ཕྱིན་པའི་སྙིང་པོ་མཆོག །བཀའ་ཞེན་པ་བཞི་བྲལ་འདོམས་སོ་ལོ། །ཁྲི་དེ་ན་ས་པཎ་བཞུགས་པའི་ཚེ། །ཆོས་རྙིང་མ་ཕུར་པ་རྩ་བའི་དུམ། །ཕྱག་པདྨར་བབས་ཚེ་སྤྲོ་བ་སྐྱེས། །སྒྲ་རོལ་མོ་བཅས་ཏེ་སྤྱན་དྲངས་ཟེར། །གནས་དེ་ན་བཞུགས་པའི་རྟེན་གྱི་མཆོག །རྗེ་འཕགས་པའི་གདུང་ལ་འཁྲུངས་པ་ཡི། །ཁོང་རྒྱལ་བ་རིགས་ལྔ་ཡོད་ཅེས་ཐོས། །ཡིད་དད་མོས་ཕྱག་དང་མཆོད་པ་ཕུལ། །དཔོན་ཞིང་བཞག་རྡོ་རྗེར་གྲགས་པ་དེ། །སྔོན་བསོད་ནམས་བསགས་པས་ལས་འཕྲོ་ཅན། །བོད་དབུས་གཙང་ས་ལ་དབང་སྒྱུར་ཞེས། །རྗེ་གྲོལ་མཆོག་ལུང་བསྟན་ཐོག་ཏུ་བབས། །ཤངས་མཐོང་སྨོན་ནས་རུ་བཞི་མའི་གྲུ་ཁར་ཕྱིན། དེ་ནས་གྲུ་མཁན་རལ་ཚར་བ་ཞིག་འདུག་པ་དེ་ན་རེ། འདི་པའི་དཀྱིད་ན་གྲུ་སྐྱ་གཡོབ་ཤེས་པ་ཨེ་ཡོད་ཟེར། ངེད་ཀྱི་རོགས་བློ་གྲོས་ཐོགས་མེད་ཟེར་བ་ཞིག་ཡོད་པ་དེས་ངེད་ཀྱིས་ཤེས་ཟེར། དེ་ནས་གྲུ་ལ་ཕྱིན་པས་ཁོས་གྲུ་སྐྱ་གཡོབ་མ་ཤེས་གྲུ་མཁན་ངར་ལངས་ཏེ་མི་གཅེས་པོ་བླ་མ་དགེ་བའི་བཤེས་གཉེན་འདི་འདྲ་བཞུགས་བཞིན་དུ་གྲུ་སྐྱ་མི་ཤེས་བཞིན་དུ་ངས་ཤེས་ཤེས་ཟེར་བ་དེ་ཁྱོད་ཀྱི་ལྟས་ངན་ཤེས་པ་ཨི་ཡིན། ངས་ཨ་ཤེས་མ་ཤེས་ལྟའི་ཟེར་བ་ཡོང༌། ངས་ཤེས་ཤེས་དེ་ལྟས་ངན་ཤེས་པ་ཨི་ཡིན་ཟེར་ནན་གྱིས་ཡང་ཡང་ལབ་ཅིང་གྲུབ་སྐྱ་ཕྲོགས་ཉ་མོ་ཧོར་སྟག་པ་ཡིན་ཟེར་བའི་མི་གཞོན་ཅིག་ལ་སྤྲད་སོང་བ་དེས་ཀྱང་ཤེས་པོ་མ་བྱུང༌། དེ་ནས་ཚ་བོ་མང་ཐོས་རྣམ་རྒྱལ་གྱིས་བྱས་པས་ཨ་ཐོ་བྱུང་གྲུ་ཐོངས་པ་ལགས་སོ། །ཆུ་ཆེན་པོར་གྲུ་ཡིས་བརྒལ་བའི་ཚེ། །