R174: རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་མཻ་ཏྲི་དོན་གྲུབ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་དད་བའི་སྤུ་ལོང་རབ་ཏུ་གཡོ་བ།

  • Pagination (Witness A): ༡༠༠
[A:༡༠༠]པོ་ཆེ་དཀོན་མཆོག་དཔལ་ལྡན་པ་ལ་ལེགས་ཚོགས་ཞུ་བ་གནང་བས། གང་ཞུས་ལ་གསན་ཏེ། རྗེས་སུ་ཨེ་ཝཾ་ཆོས་ལྡན་དུ་དབྱེན་མེད་པ་ལེགས་ཚོགས་ཤིན་ཏུ་ཆེ་བའི་སངས་རྒྱས་ཀྱི་བསྟན་པ་ལ་ཕན་པ་བྱུང༌། དེ་ཡང་མངོན་མཁྱེན་གྱིས་དགོངས་པ་ཡིན་འདུག་ལགས། དགུན་ལོ་ཞིག་བདེ་བ་ཅན་དུ་སྐྱེད་ཚལ་ནས་རིན་པོ་ཆེ་མཁན་ཆེན་རིན་ཆེན་བཀྲ་ཤིས་པ་ལ་སོགས་པའི་མཁས་བཙུན་གྱི་བླ་ཆེན་ཐོག་ཅིག་དང༌། དགེ་བའི་བཤེས་གཉེན་མང་པོ་དང༌། དགོན་ཕན་ཚུན་གྱི་དྲུང་ཆེན་སོགས་མང་པོ་ལ། ལམ་འབྲས། འཇིགས་བྱེད། མགོན་པོ་གུར་ཞལ་གྱི་འཁྲིད། གཤེད་དམར་སྤྲོས་མེད། དམར་པོ་སྐོར་གསུམ་ལ་སོགས་པ་གང་ལ་གང་འཚམ་གྱི་བཀའ་ཆོས་བསམ་གྱིས་མི་ཁྱབ་པ་དང༌། མདོར་ན་སྔ་སོར་རང་གི་ཞལ་བདག་གནང་བའི་དགོན་པ་སོ་སོ་དང༌། སྦྱིན་བདག་རྣམས་ལ་སྐྱོ་ངལ་སྤངས་པའི་བསྟན་པ་དང་སེམས་ཅན་གྱི་དོན་ལ་དགོངས་པའི་གང་ལ་གང་འཚམ་གྱི་བཀའ་ཆོས་དཔག་ཏུ་མེད་པ་གནང༌། ཡོངས་རྫོགས་བསྟན་པའི་བདག་པོར་ལེགས་གྱུར་ནས། །ལེགས་སྦྱངས་མཁས་པའི་བྱ་བ་རྣམ་གསུམ་གྱིས། །ལེགས་བཤད་བསྟན་པའི་བྱི་དོར་ཉིན་མཚན་དུ། །ལེགས་པར་གཡེལ་བ་མེད་ལ་ཕྱག་འཚལ་ལོ། །དེ་ལྟར་འཆད་པའི་སྒོ་ནས་རྗེས་སུ་བཟུང་ཞིང་བཀའ་དྲིན་ཐོབ་པའི་ཞལ་སློབ་ཀྱང་བསམ་གྱིས་མི་ཁྱབ་པ་ཡོད་པ་རྣམས་ནི་བགྲང་བར་མ་ནུས། རགས་པ་ཙམ་བརྗོད་ན། ཕན་ཚུན་བཀའ་དྲིན་རྗེས་སུ་ནོས་པའི་དམ་པ་བདུན་ནི། འཕགས་པ་སྤྱན་རས་གཟིགས་དེ་ཉིད་སླར་ཡང་གངས་ཅན་གྱི་གདུལ་བྱའི་དོན་དུ་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་དུས་འདིར་མཆོག་གི་སྤྲུལ་པའི་སྐུ་བསོད་ནམས་རྒྱ་