R174: རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་མཻ་ཏྲི་དོན་གྲུབ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་དད་བའི་སྤུ་ལོང་རབ་ཏུ་གཡོ་བ།

  • Pagination (Witness A): ༡༠༤
[A:༡༠༤]ནོ། །དེ་དག་ལ་འདི་སྐད་ཅེས་བྱ་སྟེ། ལུང་རྟོགས་ཡོན་ཏན་ཆུ་གཏེར་ཡོངས་སུ་གང༌། །མཁས་དང་གྲུབ་པའི་ཆུ་ཀླུང་འབུམ་ཕྲག་སྤྲོས། །བསྟན་དང་འགྲོ་བའི་ཕན་བདེའི་ལོ་ཏོག་ནི། །ཕྱོགས་བཅུར་རྒྱས་པའི་དགའ་སྟོན་འདི་སྐད་དོ། །ཞེས་པའོ། །དྲུག་པ་རྟག་འཛིན་ཟློག་ནས་འཕྲད་དཀའ་བའི་འདུ་ཤེས་སྐྱེད་པའི་སླད་དུ་སྐུ་མྱ་ངན་ལས་འདའ་བའི་ཚུལ་བསྟན་པ་ལ། དེ་ལྟར་བསྟན་པ་དང་སེམས་ཅན་གྱི་དོན་ལྷུར་མཛད་བཞིན་པའི་ངང་དུ་བཞུགས་པ་ལས། ཁྱི་ལོ་རྗེའི་ཉེ་གནས་སྐུ་གཞོན་ནུའི་དུས་ནས་འབྲལ་མེད་དུ་གནས་པ། རང་འདོད་སྐྱོ་ངལ་སྤངས་ཏེ་འཇིག་རྟེན་གྱི་ཞེན། ཆོས་ཀྱི་གུས་པ། ཕྱག་རྫས་ཀྱི་རྗེ་འདི་ཉིད་རང་ལ་གུས་པའི་གྲྭ་སྦྱིན་བདག་སྐྱོང་བ། རང་འདོད་ལ་གཡུ་ཆུང་ངུ་ཞིག་བདག་ལ་གནང་དགོས་ཞུས་དེ་ཙམ་ལས་མེད་པ་དེ། བསྙེལ་ཏེ་སྨན་དཔྱད་རིམ་གྲོ་བྱེད་དུས་རྗེ་ཉིད་གསུང་ནས་བྱས་གཞན་འདྲ་བ་འདུག །མདང་ངའི་རྨི་ལམ་ལ་དཔོན་པོ་ཕྱོགས་ཤིག་ལ་འགྲོ་ཡི་འདུག་པ། ངས་བཟུང་བས་ཅུང་ཟད་ལས་འགོར་མ་བྱུང་གསུང༌། ཁོང་ལ་ལམ་ཟབ་དང༌། རྣལ་འབྱོར་མའི་འཆག་མེད་ལས་མེད་ཀྱང༌། རང་འདོད་གཞན་མེད་པར་ཁོང་གཤེགས་ཁར་ངའི་གའུའི་ནང་ན་གཡུ་གནང་དགོས་རང་ཞུས་པ་དེ་ཡོད། དེ་ངས་འཇུ་བ་མེད་ཕྱག་ཏུ་ཕུལ་ཅིག་ཡང་ཡང་ཟེར། རང་སེམས་དག་པ་དང་རྗེའི་ཐུགས་ཀྱི་དཀྱིལ་ན་བཞུགས་པར་བརྟེན། དབུ་བླ་མ་རིན་པོ་ཆེའི་སྐུ་པང་དུ་བཞག །ཕུང་པོ་དྲི་བཟང་ཆིལ་ལེ། འཇའ་ཚུབ་བུན་ནེ། བློ་བརྟན་པའི་མིས་མཐོང་བས་དེའི་ཕྱི་ལོ་ཡང་དུས་ཚེས་དེ་ལ་ཕུང་པོ་བསྐྱལ་སར་འཇའ་ཟུག་ཟེར། དེ་ལ་རྗེ་ཉིད་ཀྱང་ཐུགས་སྐྱོ་བའི་རྣམ་པས་འདི་སྐད་དོ། །ཀྱེ་མ་ཡུན་རིང་འགྲོགས་པའི་གྲོགས་ཕ་རོལ་སོང༌། །ནམ་ཞིག་དག་པའི་