R174: རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་མཻ་ཏྲི་དོན་གྲུབ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་དད་བའི་སྤུ་ལོང་རབ་ཏུ་གཡོ་བ།

  • Pagination (Witness A): ༡༠༩
[A:༡༠༩]ལྷག་པར་བཀའ་དྲིན་བསྐྱངས༌། སླད་དུའང་སྐུའི་ཞབས་བརྟན་པའི་དགེ་ཚོགས་སྐུ་རིམ་ལ་བརྩོན་པ་དང༌། བཀའ་འབངས་མཐའ་དག་ཆོས་བཞིན་སྐྱོང་བའི་སྔོན་གྱི་ལུགས་སྲོལ་བཟང་པོ་དང༌། ཁྱད་པར་རྗེ་ཐམས་ཅད་མཁྱེན་པ་སྤྲུལ་པའི་སྐུ་རྡོ་རྗེ་འཆང་ཆེན་པོ་དེའི་ཐུགས་འདོད་ཁེངས་ཕྱིན་འདི་ཕྱོགས་སུ་མྱུར་དུ་ཕེབས་ཆོག་པ་མཛད་དགོས། དེ་ལྟར་མ་མཛད་ན་དབུས་གཙང་གི་ཆོས་སྡེ་ཆེ་ཆུང་གི་མཁན་སློབ་དགེ་འདུན་ཐམས་ཅད་ཐུགས་ཡིད་ཆད་ཅིང་ཐུགས་འཁྲུགས་ན་སྐུའི་བསོད་ནམས་ལ་གནོད་ཅིང་ཉེས་པ་ཆེན་པོར་འགྱུར་བས། རང་གཞན་ཀུན་ལ་དགོངས་པའི་ཐུགས་ཁུར་ཡང་དག་བཞེས་པ་ཞུ་ཞེས་པའང་གནང༌། ཡང་མཁན་རིན་པོ་ཆེ་རིན་ཆེན་བཀྲ་ཤིས་པ་ལ་ང་ཡང་ཡུན་རིང་མི་སྡོད་པ་དང༌། རིན་པོ་ཆེ་བཀྲ་ཤིས་པ་ཡང་ཞིང་གཞན་དུ་མྱུར་པོ་འབྱོན་པ་འདུག་པ་དང༌། འདུ་གྲོང་ནང་སོ་དཔོན་རྣམ་པ་ཡང་མགྱོགས་པོ་མི་བཞུགས་པ་འདུག་གསུང་སྟེ། རྗེས་སུ་རིན་པོ་ཆེ་ཞིང་བརྗེས་པའི་རྗེས་སུ་ཟླ་གཅིག་ཚུན་ཙམ་ལ་ཁོང་ཡོན་མཆོད་ཡང་གཤེགས། ཡང་འདི་སྐད་དོ། །ཞིང་འདིར་མ་ལུས་གདུལ་བྱའི་དོན་གྲུབ་ནས། །གཟུགས་སྐུའི་དཀྱིལ་འཁོར་ཆོས་དབྱིངས་ངང་དུ་བསྡུས། །རྨད་བྱུང་མཆོག་གི་ངོ་མཚར་བགྲང་ཡས་སྤྲུལ། །འཕྲིན་ལས་རྒྱུན་མི་འཆད་ལ་ཕྱག་འཚལ་ལོ། །དེ་ནས་བསོད་ནམས་དཔལ་གྱིས་མངོན་པར་མཐོ་ཞིང༌། ལུགས་གཉིས་ཀྱི་མཛད་པས་ཇོ་ཤཱཀ་ལ་སོགས་པའི་རྟེན་ཁྱད་པར་ཅན་དང༌། བཤད་སྒྲུབ་ཀྱི་དགེ་འདུན་རྣམས་ལ་ཞབས་ཏོག་ཕུན་སུམ་ཚོགས་པ་སྒྲུབ་པའི་དཔོན་ས་སྟག་ལུང་ནས་ཀྱིས་ཡེར་པར་ཕེབས་དགོས་གསུང༌། དེའི་སྔ་གོང་ཕེབས་དགོས་རྒྱུ་ཡིན་ཀྱང་མ་ཐུབ་པ་ནས་ཕེབས་པའི་ཞལ་